Skip to main content

དཔེ་དེབ་གསར་ཐོན། མར་མེ་རང་འབར་ཚང་གི་<སྒོ་དར།>




<<མར་མེ་རང་འབར།>>ཚང་སྒོར་བུད་པ།

1
 ཐོག་མའི་སེམས་བསྐྱེད།

     བློ་མིག་ལ་ཤེས་རབ་ཀྱི་སྤྱན་ཐོགས་ཤིང་།  ཕྱི་ནང་ཉེ་རིང་ཀུན་ཏུ་གནས་འཆའ་བའི།  བོད་མི་རིགས་ཀྱི་སྐྱེ་འགྲོ་ཀུན་ལ། སྒོ་གསུམ་ཞབས་སུ་བཏུད་དེ། ཁྱི་ལོ་གསར་པར་བཀྲ་ཤིས་བདེ་ལེཊ་ཞུ་བ་དང་ཆབ་ཅིག 
ང་ཚོ་ནི་"རྩོམ་རིག"་ལ་དགའ་མོས་ཆེ་ཆེར་བདོག་པའི་བྱེས་ཀྱི་"ན་གཞོན་ཁྱུ་ཚོགས"་ཤིག་སྟེ།  སེམས་བསྐྱེད་ཀྱི་སྟོབས་མཐུག་ཅིང་།  བདེན་པའི་ང་རོ་བསྒྲག་འདོད་ཀྱི་འདུན་པ་དྲག་ཏུ་མཆིས་པའི་ཁར།  མི་རིགས་གང་ཞིག་སོར་གྱེས་སིལ་མཆེད་ཀྱི་དུས་སྐབས་འདི་འདྲ་བ་ལ།  རྟོགས་དཔྱོད་ཀྱིས་བཅིངས་པའི་ངག་གི་རིག་བྱེད་གང་དེས། ངོ་ལྐོག་རྒྱབ་མདུན་གྱི་ལས་ཀྱི་སྦྱོར་བ་མི་བརྩམས་པར། མི་རབས་འདི་ཀའི་དབུགས་རྒྱུན་སླར་གསོ་མཛད་ཕྱིར།  ཡོད་ཡོད་འདྲ་ལ།  མེད་མེད་འདྲ་བའི་མི་ཡུལ་ས་མཐའི་སྟོང་ཁམས་ཆེན་པོ་འདིའི་ནང་། ང་ཚོས་ཁ་ངོ་གཅིག་མཐུན་གྱི་ཚུལ་དུ།  "རྩོམ་རིག"་ཅེས་པ་གང་དེའི་ལ་རྒྱ་སྲུང་ཆེད་དང་།   མ་འོངས་པ་ཞུ་བ་ཞིག་གི་ལམ་དུ་ཆས་འཆར་ཡིན།  དེ་བས།  ང་ཚོས་དཔུང་པ་མཉམ་སྦྲེལ་གྱིས།  མི་སྒེར་སོ་སོའི་འདུ་ཤེས་སྣ་ཚོགས་པའི་གཏིང་ནས་སྐྱེས་པའི།  ཀུན་གཞི་གསར་པའི་ས་བོན་རེ་རེ་ལ། ནས་ཀྱི་འབྲུ་སྣ་མང་སྐྱེ་བའི་སླད་དུའོ།། 

2
 ལམ་གྱི་བདེན་པ།

    "རྩོམ་རིག"་གཙོས་པའི་ཤེས་བྱའི་རིན་ཐང་འཁོར་ཡུག་གི་ར་སྐོར་ནས་གཅིག་ཀྱང་བརྒལ་མི་རུང་བའི་སྲུང་བྱ་ཉག་ཅིག་ནི་"བདེན་པ"་ཉིད་ཡིན་པ་རེད།  དེ་བས།  "བདེན་པ"་ནི་འུ་ཚོས་འཚོ་ཐབས་ངན་ངོན་དང་།  གཉེན་གྲོགས་ཙམ་གྱི་སླད་དུ་འདོར་རུང་བའི་དངོས་པོ་ཞིག་གཞར་ཡང་མིན།  ད་ལྟའི་འུ་ཚོའི་ན་གཞོན་དག་གིས།  ཡི་གེའི་མཚོན་ཆ་ཐོགས་ཏེ་སྣང་བའི་ཕྱི་ནང་ཀུན་ཏུ།  རྒྱུན་པར་འོས་ལངས་རྩོམ་གྱིན་པ་འདི་དག་ཀྱང་"བདེན་པ"འི་དོན་འབའ་ཞིག་ཡིན་པ་རེད།  མི་ཡུལ་འདིར།  སྐྱོ་སུན་དང་སྟོང་སྣང་གིས་གདུང་ཞིང་། དགྲ་གཉེན་གྲོགས་གསུམ་འདི་དང་གན་ཞེས་འབྱེད་མི་བཏུབ་པའི་ཁ་སང་དེ་རིང་།  ང་ཚོས་ཀྱང་ལམ་གྱི་རབ་བྱེད་གསར་བ་ཞིག་ལ་ཁ་ཕྱོགས་ཀྱིན།  མི་རབས་འདིའི་བརྩེ་བ་དང་གཞན་རྩིས་ཀྱི་སླད་དུ།  ཡ་ང་དང་བྲེད་ཤ་གཏན་ནས་མེད་པར་མདུན་གྱི་གཞི་འདིར་གོམ་པ་ཤུགས་ཀྱིས་སྤོ་དགོས་ཀྱིན་ཡོད་ན།   "བདེན་པ"་ནི་མུན་ནག་དང་འོད་ཟེར་གྱི་འཐབ་རྩོད་མཆི་བའི་མི་རབས་འདིའི་གཡུལ་སའི་ནང་།  དཔའ་ངར་དང་བློ་གདེང་ཆེན་པོས་རང་ཉིད་སུ་ཡིན་པ་རང་གིས་རང་ལ་ཡིད་ཚིམ་ཞིག་ངོ་སྤྲོད་མཛད་བཏུབ་པའི་དངོས་པོ་གཅིག་པུ་དེ་ཡིན་པས།  དེ་བས་འུ་ཚོ་བདེན་པ་ལ་འཇུག་དགོས་པའི་གནས་ལུགས་ཀྱང་འདི་ནས་བྱུང་བ་ཡིན་ཆོག་ཆོག་གོ། 

3
 མཐའ་མའི་སྨོན་འདུན།

    དེ་བས།  ང་ཚོ་སྟེ་<<མར་མེ་རང་འབར།>>ཚང་།  མི་རབས་འདིའི་མིག་མདངས་ལ་ཉི་འོད་རྒྱག་པའི་དབྱར་ལྗོངས་ཤིག་འཐོབ་ཕྱིར།  སྟོང་པའི་ཁམས་ཆེན་པོའི་ཀློང་ན།  མི་སྣང་བའི་གོ་རིམ་ལས་སྣང་བ་དང་།  གཟུགས་མེད་ནས་གཟུགས་ཅན།  གཟུགས་ཅན་ནས་ཁ་དོག་སྣ་ཚོགས་ཀྱིས་ཕྱུག་པའི་གོ་རིམ་རེ་རེར་ཐོད་བརྒལ་གྱི་ཚུལ་དུ་འོང་དགོས་ཀྱིན་ཡོད་པ་རེད། དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས། ང་ཚོ་"རྩོམ་རིག"་ཅེས་པའི་ས་ཞིང་འདི་ནས།  ལོ་སྣེར་ཟླ་མཐུད་ཀྱིས་མ་འོངས་པའི་དུས་ཚོད་ནང་།   སེམས་བསྐྱེད་དང་སྨོན་འདུན་བརྒྱ་ཕྲག་གིས་བརྒྱན་པའི་ད་ལྟའི་ཉེར་སྡོགས་གང་དེར། འགྲུབ་འབྲས་གཡུར་དུ་ཟ་བའི་རེ་བ་རྨ་མེད་པ་འཆང་བ་འདི་ཉིད་ལགས་སོ།། 

              ཞེས་<<མར་མེ་རང་འབར>>་ཚང་གིས་༢༠༡༨/༤/༡༡ཉིན།

མར་མེ་རང་འབར་ཚང་གི་ནང་མི། རྩོམ་འབྲི་བ།
  • ཁམས་མདའ་ནག
  • དགའ་བ་མཇེ་ཕྲུག
  • རྔ་བ་ཀུན་བཟང་སྒྲོལ་མ།
  • ཏྲེ་ཞོགས་རླུང་།
  • ཐང་ང་ལྷ་མོ།
  • སྡེ་དགེ་སྐལ་བཟང་།
  • སྤྲེལ་སྲིན།
  • གཟི་མིག
  • ལི་ཐང་དབྱིག་གཉེན།

Comments

Post a Comment

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག)

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག) ༼ བསྟོད་པའི་ཤིས་ཚིག་སྙན་ལྡན་དྲི་ཟའི་མགུར་དབྱངས། ༽                                        ♨/སྨྲ་སྲས:གསེར་འཇམ། སྐུ༵་རྣམ་ངུར་སྨྲིག་འཛིན་ལ་རིགས་བརྒྱའི་བདག། གསུ༵ང་ལེགས་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།། ཐུ༵གས་འཕགས་བརྩེ་ལྡན་བྱང་ཆུབ་དངོས་ཀྱི་རྗེ།། དབྱེར་མེད་དབུ་གདུགས་བླ་མར་གུས་པས་འདུད།། མདོ་སྔགས་གཞུང་ཀུན་འཆ༵ད་ཉན་ལེགས་མཐར་བྱིན།། ངོ་མཚར་ཟླ་མེད་རྩོ༵ད་པའི་ལང་ཚོ་རྒྱས།། བདེན་དོན་ལེགས་འབྱེད་རྩོམ༵་པ་རིག་བདག་མཆོག། རབ་དགའ་གངས་ཅན་བོད་དགོན་མཆོག་ནི་མཛེས།། འཁྲུལ་མེད་བཀའ་ལུང་བདུད་རྩིའི་ཟེགས་མས་འཁྱུད།། རིགས་མཆོག་བདེ་འབྱུང་ལྷག་བསམ་པདྨོ་འཛུམ།། མངོན་པར་མཛེས་པའི་དབང་ཕྱུག་མི་ཡི་མཆོག། རྒྱལ་བསྟན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ།། མཁྱེན་དཔྱོད་རྩལ་རྫོགས་མཐུ་དཔལ་བླ་མའི་སྐུ༷།། དག་གསལ་མགྲིན་པའི་ཟིལ་གནོན་ཚངས་དབྱངས་གསུ༵ང།། སེམས་ཅན་ཡོད་དོ་བདེ་ཞིང་འགོད་མཁས་ཐུག༵ས།། དད་པའི་གེ་སར་དགུང་འཕྱུར་ཨེ་མ་མཚར།། སྨྲ་རྒྱལ༵་དབ༵ང་བོ་བསྟན༵་པ་འཛི༵ན་ལ་མཁ༷ས།།...

དབུ་མ་དགོངས་པ་རབ་གསལ། རྩ་འགྲེལ་སྦྱར་མ།

འཕྲུལ་དེབ། གཞུང་ཚན། དབུ་མ། རྩོམ་པ་པོ། རྗེ་ཙོང་པ། འཕྲུལ་དེབ་ཏུ་སྒྲིག་མཁན། སེར་སྨད་འཇམ་དབྱངས་བསོད་ནམས། སྤེལ་མཁན སྲོང་བཙན་དྲ་བ། སྤེལ་དུས། 209-3-24 སྟོད་ཆ། ཕབ་ལེན། སྨད་ཆ། ཕབ་ལེན།