Skip to main content

ཧིན་དྷི་རྒྱ་མཚོ་ཆེན་མོའི་གྲོང་ཁྱེར།


ཚ་བའི་མེ་རླབས་ཇེ་ཆེར་སོང་བའི་ནགས་ཁྲོད་སྟུགས་པའི་འགྲམ་ངོགས་ན།།
ཤུབ་ཤུབ་རླུང་ཡང་དྲོད་ཀྱིས་འཚོས་པའི་མེ་རླངས་འཕྱུར་བའི་རྒྱ་མཚོ་ཆེ།། 
གཟན་ལ་འདུར་བའི་མཆེ་སྡེར་དག་ཀྱང་གྲིབ་སྲིབ་འོག་ན་མགོ་ལུས་འཁུམས།། 
སྣ་ཞག་རིང་བའི་གླང་ཆེན་ཚོགས་དེ་འདམ་སྙོག་ཚལ་དུ་འགྲེ་ལྡོག་བྱེད།། 

མགོ་སྤུ་གཟེང་པའི་བྷེ་ཏ་སྡོང་རྒན་འབྲས་བུའི་ཁུར་གྱིས་ནང་དུ་དུད།།
ངང་ལག་འཛར་བའི་གཞུང་རྟ་དེ་ཡང་ལོ་མའི་ཕབ་ན་རྒས་ཤིང་ཁོགས།།
མྱ་ངན་ཤིང་སྡོམ་སྡུག་པའི་ཟོལ་གྱིས་ལོ་འདབ་མཐུར་རྐྱོང་ཡ་རེ་མཚན།།
བཅུན་སྒྲིལ་མདུད་པ་དམ་དུ་སྡོམ་པའི་སྨྱུག་རྫོབ་འགུལ་བ་ཙིར་ཙིར་སྒྲ།།


ལུས་ནག་ལྟོ་བ་མཐུར་དུ་དཔྱང་པའི་རྒྱ་གར་རྒན་པོ་མགོ་རིས་ཅན།། 
རས་ཡུག་དཀར་པོ་བརླ་རྩ་རྫིངས་ཏེ་རྙིང་རལ་བསིལ་ལྷམ་འདྲུ་བཞིན་རྒྱུ།། 
རྫས་ངན་ཟས་པའི་ཁ་ལྕེ་དེ་ནི་ཁྲག་དམར་འཐུང་འདྲ་དམར་རེ་མངོན།།
ཤ་ནག་པགས་ལ་རས་དཀས་དཀྲིས་པ་བསམ་ན་དགོད་མོ་འཆོར་བྱེད་ཅིག།

གཟེངས་མཐོ་སྣ་ལྤགས་དུ་མ་འབིགས་ནས་གསེར་རྫུན་ཨ་ལོང་ཆེ་མ་ཆུང་།།
རྣ་གཤོག་སྲབ་མོར་རྣ་རྒྱན་ཟེར་བ་རིམ་བརྩེགས་བང་རིམ་བསྟར་ཤར་སྒྲིགས།།
ལྗང་མདོག་རུས་ཡུག་དཀྲིས་དཀྲིས་བར་ན་སྐད་པའི་ཤ་རྗེན་སྔོ་ནག་མཐོང་།།
རྐང་ངར་འདོགས་པའི་སིལ་སིལ་སྒྲ་ཡིས་རྐང་རྗེན་འགྲོས་ལ་མཚར་སྣང་སྣོན།།

རྩེ་གསུམ་ཐོགས་པའི་རལ་པ་ཅན་དེ་དུད་ཞག་ཀློང་ན་འཇིགས་རེ་ཡན།།
ཐལ་བས་བྱུག་པའི་ལུས་གཅེར་གསོན་པོར་འཛེམ་མེད་གྲོང་དང་གྲོང་ན་རྒྱུགས།།
འགུག་གྲི་འཁྱེར་བའི་སྟོབས་ཆེན་དེ་ནི་པདྨ་ཀ་རའི་རིགས་རུས་ཤིག།
ཤ་ཀྱཱ་རིགས་ནི་ལྷམ་རྙིང་བཙོང་པོའི་སྤྲང་པོ་རིགས་ཀྱི་གྲལ་ན་འདུག།

ངེད་ཅག་སེམས་ཀྱི་འཕགས་པའི་ཡུལ་དེ་གཤིན་རྗེ་གཤེད་ཀྱི་གྲོང་ཁྱེར་འདྲ།།
འུ་ཚོས་སྨོན་སའི་རྡོ་གདན་ཞིང་དེར་རྐང་ཆད་ལག་རྡུམ་ཕ་ས་ཡིན།།
ཀླུ་སྒྲུབ་ཕེབས་ཤུལ་ལྷོ་ཕྱོགས་ཟེར་བ་ཁྲམ་རྐུན་མོད་པའི་ཞིག་མཆོག་ཡིན།།
ད་དུང་ཁྱོད་ལ་དག་སྣང་ཡོད་ཚེ་མཚར་མཚར་ཆེ་བའི་ལྟད་མོ་མང་།།
   2015-3-1

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག)

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག) ༼ བསྟོད་པའི་ཤིས་ཚིག་སྙན་ལྡན་དྲི་ཟའི་མགུར་དབྱངས། ༽                                        ♨/སྨྲ་སྲས:གསེར་འཇམ། སྐུ༵་རྣམ་ངུར་སྨྲིག་འཛིན་ལ་རིགས་བརྒྱའི་བདག། གསུ༵ང་ལེགས་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།། ཐུ༵གས་འཕགས་བརྩེ་ལྡན་བྱང་ཆུབ་དངོས་ཀྱི་རྗེ།། དབྱེར་མེད་དབུ་གདུགས་བླ་མར་གུས་པས་འདུད།། མདོ་སྔགས་གཞུང་ཀུན་འཆ༵ད་ཉན་ལེགས་མཐར་བྱིན།། ངོ་མཚར་ཟླ་མེད་རྩོ༵ད་པའི་ལང་ཚོ་རྒྱས།། བདེན་དོན་ལེགས་འབྱེད་རྩོམ༵་པ་རིག་བདག་མཆོག། རབ་དགའ་གངས་ཅན་བོད་དགོན་མཆོག་ནི་མཛེས།། འཁྲུལ་མེད་བཀའ་ལུང་བདུད་རྩིའི་ཟེགས་མས་འཁྱུད།། རིགས་མཆོག་བདེ་འབྱུང་ལྷག་བསམ་པདྨོ་འཛུམ།། མངོན་པར་མཛེས་པའི་དབང་ཕྱུག་མི་ཡི་མཆོག། རྒྱལ་བསྟན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ།། མཁྱེན་དཔྱོད་རྩལ་རྫོགས་མཐུ་དཔལ་བླ་མའི་སྐུ༷།། དག་གསལ་མགྲིན་པའི་ཟིལ་གནོན་ཚངས་དབྱངས་གསུ༵ང།། སེམས་ཅན་ཡོད་དོ་བདེ་ཞིང་འགོད་མཁས་ཐུག༵ས།། དད་པའི་གེ་སར་དགུང་འཕྱུར་ཨེ་མ་མཚར།། སྨྲ་རྒྱལ༵་དབ༵ང་བོ་བསྟན༵་པ་འཛི༵ན་ལ་མཁ༷ས།།...

དབུ་མ་དགོངས་པ་རབ་གསལ། རྩ་འགྲེལ་སྦྱར་མ།

འཕྲུལ་དེབ། གཞུང་ཚན། དབུ་མ། རྩོམ་པ་པོ། རྗེ་ཙོང་པ། འཕྲུལ་དེབ་ཏུ་སྒྲིག་མཁན། སེར་སྨད་འཇམ་དབྱངས་བསོད་ནམས། སྤེལ་མཁན སྲོང་བཙན་དྲ་བ། སྤེལ་དུས། 209-3-24 སྟོད་ཆ། ཕབ་ལེན། སྨད་ཆ། ཕབ་ལེན།