2013/12/10

ཁ་པར་གྱི་བོད་ཡིག་དང་འབྲེལ་བའི་གནས་ཚུལ།


《ཁ་པར་གྱི་བོད་ཡིག་དང་འབྲེལ་བའི་གནས་ཚུལ།》
ཁ་སྔོན་སེངྒ་ཧྥོར་ནས་དྲ་གྲོགས་ཤིག་གིས(Ifont)དངུལ་མ་སྤྲོད་པར་ཕབ་ལེན་བྱེད་ཐུབ་ཀྱི་མི་འདུག་ཟེར་དེ་དུས་མ་གཏོགས་དོ་སྣང་མ་བྱུང་། ཨན་ཌོ་ཁ་པར་སྤྱོད་མཁན་ཚོས་གྷོ་གྷིལ་ཕབ་ལེན་ཁུལ་(play store)ནས་རིན་མེད་ཐོག་Ifontབླངས་ནས་བོད་ཡིག་ནང་འཇུག་བྱེད་བཞིན་པ་དེ་ལྟ་ནའང་ཉིན་ཤས་གོང་ནས་Ifont
རིན་མིན་དགོས་པ་དེ་ཕྱི་འཐེན་བྱས་ཟིན་འདུག རྗེས་ཕྱོགས་ནས་ཕབ་ལེན་ཁུལ་ནས་རིན་པ་སྤྲོད་ནས་མ་གཏོགས་ཕབ་ལེན་བྱེད་མི་ཐུབ་པ་འདིས་ངེད་ཅག་ལ་གནོད་པ་ཆེ་ཙམ་བྱས་ཡོད།
འོན་ཀྱང་ཁོ་བོས་ཐབས་ལམ་གཞན་གྱིས་ཐོག་ནས་རིན་མེད་ཐོག་ཕབ་ལེན་བྱེད་ཐུབ་པའི་དྲ་ཐག་ཅིག་སྤྲོད་ཡོད།
རྗེས་ནས་དྲ་ཐག་དེ་ནས་ཕབ་ལེན་བྱོས།

ཁ་པར་ཨང་གྲངས་ཇི་ལྟར་ཉར་ཚགས་བྱེད་དགོས།


(samsung)ཁ་པར་དང་དེ་མིན་ཨན་ཌོ་མ་ལག་ཅན་གྱི་ཁ་པར་ཁག་ལ་བོད་ཡིག་གི་ལམ་ནས་མིང་བྲིས་ཏེ་ཨང་གྲངས་ཉར་ཚགས་བྱེད་དུས་དཀའ་ཁག་འགའ་འབྱུང་གི་ཡོད། སྤྱིར་ཨང་གྲངས་ཉར་ཡུལ་གསུམ་ཡོད་དེ་བྱང་བུ་དང་ཁ་པར། གློག་འཕྲིན་གསུམ་ཡིན། བྱང་པའི་ནང་བོད་ཡིག་གི་མིང་ཉར་ཚགས་བྱེད་དུས(བློ་བཟང་)འདི་ཙམ་ལས་མི་ཤོང་།  ཁ་པར་གྱི་ནང་དུ་ཉར་ཐུབ་མོད། ཁ་པར་བསྐྱར་བཟོ་བྱེད་པ་དང་གཙང་མ་བཟོ་དགོས་ཐུགས་ཚེ་ཨང་གྲངས་ཚང་མ་ཟུབ་འགྲོ། ཆེས་ལེགས་པ་ནི་གློག་འཕྲིན་gmailཐོག་ཏུ་ཉར་ཚགས་བྱེད་རྒྱུ་དེ་ཡིན།
གློག་འཕྲིན་ཐོག་ཉར་ཚགས་བྱེད་ན་དགེ་མཚན་གཉིས་ཡོད། གོང་གི་དཀའ་ངལ་གཉིས་པོ་མེད་པ་མ་ཟད།
ཁ་པར་བོར་རླགས་སོང་ཡང་ཨང་གྲངས་གློག་འཕྲིན་ནང་བཅུག་ཡོད་པས་ཨང་གྲངས་བོར་རླགས་སོང་བའི་དཀའ་ངལ་མེད།
ཁྱེད་ཀྱི་ཁ་པར་ལ་སྐྱོན་ཤོར་བའམ་གློག་མེ་རྫོགས་ཚར་དུས་གློག་འཕྲིན་ཁ་བྱང་གཞན་གྱི་ཁ་པར་ནང་བཅུག་ནས་ཨང་གྲངས་ཚང་མ་ལེན་ཆོག
ཡིད་གཟབ་བྱེད་དགོས་པ་ནི་གློག་འཕྲིན་ཁ་བྱང་གཞན་དང་མཉམ་སྤྱོད་བྱེད་མི་རུང་།  

སྲོང་བཙན་བོད་ཡིག



སྲོང་བཙན་བོད་ཡིག་ཅེས་པའི་ཨན་ཌོ་བོད་ཅིག་གསར་བཟོ་བྱས་ཏེ་samsung (སྐར་གསུམ)ཁ་པར་སྤྱོད་མཁན་ཚོས་ཡིག་གཟུགས་ཧ་ཅང་མཛེས་པོ་ཞིག་རང་གི་ཁ་པར་ནང་སྤྱོད་ཐུབ་པར་བཟོས་ཡོད།
མི་རིང་བའི་སྔོན་ནས་ཨན་ཌོ་ཐོན་རིམ་4.1ཡན་ཡིན་པའི་ཁ་པར་ཁག་ཏུ་ཧི་མ་ལ་ཡ་བོད་ཡིག་དང་འབྲུག་པའི་བོད་ཡིག་ཟེར་བ་གཉིས་སྟབས་བདེ་ངང་ནང་འཇུག་བྱས་ནས་བཀོལ་སྤྱོད་བྱེད་བཞིན་པ་ཡིན།
ད་རེས་བདག་གིས་ཚོད་ལྟ་ལན་མང་བརྒྱུད་སྲོང་བཙན་བོད་ཡིག་ཅེས་པའི་ཨན་ཌོ་ཐོན་རིམ་4.1ཡན་ལ་བཀོལ་སྤྱོད་ཐུབ་པའི་བོད་ཡིག་ཅིག་གསར་བཟོ་བྱས་ཡོད།
བོད་ཡིག་འདི་ནི་ཡིག་གཟུགས་ཧ་ཅང་མཛེས་ལ་བཀོལ་སྤྱོད་ནི་ཧི་མ་ལ་ཡ་དང་འབྲུག་པའི་བོད་ཡིག་ཟེར་བ་དེ་དང་གཅིག་མཚུངས་ཡིན། ཁྱེད་ཚོར་སྲོང་བཙན་བོད་ཡིག་དགོས་མཁོ་མཆིས་ན་གློག་འཕྲིན་ཁ་བྱང་ཐོག་གཏོང་རྒྱུ་དང་ཡང་ན་གཤམ་གྱི་དྲ་ཐག་སྤྱད་དེ་གྷོ་གྷོལ་འཚོལ་བཤེར་ནས་ཕབ་ལེན་གྱིས།



ནང་བསྟན་རིག་པའི་འབུམ་རམས་པ་ཉེར་དྲུག


འདི་ལོར་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ལྷ་རམས་དགེ་བཤེས་ཉེར་དྲུག་ཐོན་ཏེ་རི་བོ་དགེ་ལྡན་པའི་ལོ་རྒྱུས་ནང་ཆེས་མང་བའི་ལྷ་རམས་སློབ་ཐོན་པའི་ཟིན་ཐོ་གསར་སྐྲུན་གནང་བ་ཙམ་མ་ཟད་བོད་ཀྱི་ལོ་རྒྱུས་ཐོག་ཏུའང་ལོ་གཅིག་ནང་དུ་གྲྭ་ཚང་ཞིག་ནས་ལྷ་རམས་སློབ་ཐོན་པ་འདི་འདྲ་བྱུང་མྱོང་མེད། ཁོང་རྣམ་པ་ནི་ནང་བསྟན་རིག་པའི་འབུམ་རམས་པ་ཚད་ལྡན་ཤ་སྟག་ཡིན་ཞིང་ཤར་ཨེ་ཤེ་ཡ། ནུབ་ཡུ་རོབ། བྱང་ཨ་མེ་རི་ཀས་མཚོན་པའི་འཛམ་གླིང་ཁྱོན་དུ་བསྟན་པའི་བྱ་བ་རླབས་ཆེན་སྒྲུབ་གནང་མཛད་མཁན་གྱི་སྟོན་པའི་ཕོ་ཉ་ལྟ་བུར་གྱུར་ཡོད། སྤྱིར་ལྷ་རམས་དགེ་བཤེས་ཞེས་པ་ནི་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགའ་ལྡན་གསེར་ཁྲི་རིན་པོ་ཆེའི་ཁྲི་ཚབ་གནང་སྐབས། ཕྱི་ལོ་༡༩༡༣ལོ་ནས་མུ་མཐུད་ལོ་ངོ་དྲུག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང༌། སེ་འབྲས་དགེ་གསུམ་གྱི་སློབ་གཉེར་ཐོན་པའི་དགེ་བཤེས་ཤེས་ཚད་མཐོ་ཤོས་རྣམས་ལྷ་ས་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་རྒྱུ་དང༌། ཨང་རིམ་བྱ་དགའ་གནང་རྒྱུ་སོགས་དགེ་བཤེས་ལྷ་རམས་པའི་ལམ་སྲོལ་ཐོག་མར་གསར་གཏོད་གནང་བ་ཞིག་རེད། དུས་ཕྱིས་སུ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་སྐུ་དངོས་ཀྱིེས་རྒྱུགས་བཞེས་གནང་བ་སོགས་དམ་ནན་གནང་སྟེ་མཚན་གནས་འདི་ཚད་ལྡན་ཞིག་ཏུ་བསྒྱུར་སྣང་འཛད་འདུག 
བཙན་བྱོལ་དུ་སླེབས་རྗེས་༸གོང་ས་ཐམས་་ཅད་མཁྱེན་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་གཞིས་ཆགས་གསར་འཛུགས་དང་རིས་མེད་ཆོས་རྒྱུད་ཁག་གི་འདུས་སྡེ་གསར་ཚུགས་ཀྱིས་དེ་རིང་གི་བར་༡༩༥༩ཡན་ལས་ལྷག་པའི་དགོན་སྡེ་ཁག་འཕེལ་རྒྱས་དང་ཐོས་བསམ་སློབ་གཉེར་ཧ་ཅང་ཚགས་ཚུད་བྱུང་ཞིང་། རི་བོ་དགེ་ལྡན་པའི་ལྷ་རམས་དགེ་བཤེས་དེའང་རྒྱུན་ཆད་མེད་པར་ལོ་རེ་བཞིན་གྲངས་ཚད་མི་འདྲ་བའི་སློབ་ཐོན་པའི་དགེ་བཤེས་ཧ་ཅང་མང་པོ་བྱུང་ཡོད། ལོ་རབས་དགུ་བཅུ་པ་ནས་བཟུང་སྟེ་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ཧ་ཅང་ཚད་ལྡན་དུ་མཛད་ནས་(རྒྱས་པ་གཤམ་གྱི་དྲ་ཐག་ནས་ལྟོས།) ཆེས་སྙན་གྲགས་ཅན་གྱི་རི་བོ་དགེ་ལྡན་པའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དེ་ཉིད་ལ་གྲྭ་ཚང་ཁག་ནས་མི་ལོ་བཅུ་བདུན་རིང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་སོན་བྱས་ཏེ་རྒྱུགས་སྤྲོད་ཀྱི་ལམ་ནས་ཞུགས་དགོས། ལོ་ངོ་དྲུག་གི་རིང་དུ་ཧ་ཅང་དཀའ་ཚེགས་ཆེན་པོས་རྒྱུགས་སྤྲོད་བྱས་ཏེ་རྒྱུགས་འཕྲོད་བྱུང་ན་ལྷ་ལྡན་རམས་འབྱམས་པའི་མཚན་གནས་ཐོབ་ཀྱི་ཡོད། =================================== ཟུར་མཆན། ~~~~~~~~ སེར་བྱེས་མཁས་སྙན་གྲྭ་ཚང་ནི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་ཞིག་ཡིན་ཞིང་བཙན་བྱོལ་ནང་གི་དགེ་འདུན་གྱི་གྲྭ་ཚོགས་ཆེས་མང་བའི་གྲྭ་ཚང་ཞིག་ཡིན།   

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...