2015/01/18

གྲྭ་ས། གྲྭ་རྐྱང་གི་ཕྱི་ནང་།














རིན་ཆེན་བྱུ་དམར་ཞུན་པའི་ཉིང་ཁུ་ཡིས།།
ལེགས་བྲིས་མདངས་ཀྱིས་བཀོས་པའི་རབ་བྱུང་ཚོམ།།
རལ་པའི་སྡོང་རྩ་ཆད་པའི་རྣམ་པར་ཐར།།
ཉེས་ཚོགས་ཉེ་མོང་བྱིང་བའི་འདམ་ལས་གྱེས།།

ལས་བྱས་སྒོ་ལྔའི་དྲང་ཐིག་གྲི་ཡིས་བཏུབ།།
གང་ཤར་བདེན་ཚིག་སྨྲ་བའི་གཡའ་དམ་བཅས།།
མཐོང་སྣང་རབ་རིབ་སྨིག་སྒྱུས་ཕྱོགས་སུ་དྲངས།
བདེན་འཁྱོག་འཚེར་མའི་ལམ་ལས་རིང་དུ་གྱེས།།

བཟའ་བ་སྤར་ཁྱོམ་གང་ལ་ཚེ་སྲོག་བཅོལ།།
བཏུང་བ་ཁོམ་བུ་རེ་ལ་མི་ཚེ་འབུལ།།
རྒྱབ་དྲོ་རས་ཡུག་གྲུ་བཞིར་རྩོལ་བར་སྲིངས་།།
ཅི་བྱེད་འདི་སྣང་ཡོན་པོའི་རྒྱ་ལས་གྱེས།།

གཏན་གྲོགས་ཟླ་བོས་ལུས་སེམས་སྤར་མོར་བཅུན།།
ལན་ཆགས་བྱིས་པས་ཟ་འཐུང་ཙམ་ཡང་འཕྲོག྄
སེམས་གཏོད་ཁྱིམ་ཚང་ཟེར་བས་བྲན་ལ་བཀོལ།།
འཁོར་བའི་འཇུ་ཐག་ཚང་ལས་རིང་དུ་གྱེས།།

ཞིང་འདེབས་བཙོས་སྔ་བར་མེད་རེས་བཞིན་འཁོར།།
ཁང་རྙིང་བརྗེ་ལན་གཅིག་བཞུག་གཅིག་ཏུ་སྣོན།།
གཟའ་ཅ་བཏུང་བ་སྒུ་འབུམ་འཐུ་འཐུ་བ།།
དོན་མེད་རྩོལ་བ་འབད་ལས་རིང་དུ་གྱེས།།

སྐོམ་རུད་པགས་ཁུམ་ཟད་རལ་གོས་ཀྱིས་བསྟུམས།།
དཔྲལ་གཉེར་སིལ་མ་རྔུལ་ཆུ་ཐིག་པས་སྦངས་།།
སྔོ་ལ་སྐྱ་བའི་གྲྭ་རྐྱང་ཁེར་རུ་མ།།
གྲྭ་སའི་ལོ་ཟླ་དཀའ་སྤྱོད་ལུས་ཀྱིས་འདེགས།།

རིན་ཆེན་གཞུང་ལུགས་གཏིང་རིམ་གཏིང་མཐའ་སྔོགས།།
ཚིག་ཁྱིམ་མདུད་ཐག་དགོ་རྭ་བཅུར་མོ་བཀྲོལ།།
དོན་སྙིང་ཚིག་གི་ཀྱོ་བས་འཇུ་འཇུ་བ།།
གྲྭ་སའི་གྲྭ་རྐྱང་བསམ་པའི་མལ་དུ་ཐིམ།།

མི་འདོད་འདོད་པའི་རང་གཞན་ལུགས་གཉིས་པོ།།
སྔོན་རགས་ཕྱི་ཕྲ་ཐེག་སྐས་གྲུབ་པའི་ཐར།།
རེ་རེ་རྐང་སྣེས་བརྫུ་བའི་རིམ་འགྲོད་པ།།
གྲྭ་སའི་གྲྭ་རྐྱང་ཐོས་པའི་མལ་དུ་ཐིམ།

རྩིགས་རྨངས་གཞི་གདན་གཉིས་པོའི་གྲལ་རིམ་ན།།
ཉིད་ཁུ་བདེན་བཞིའི་གཤམ་སྟོན་ཅི་ཡང་རོལ།།
གཡུར་ཟ་རྩི་ཏོག་ཁམ་འབྲས་སྤྱོད་ལ་རིངས།
གྲྭ་སའི་གྲྭ་རྐྱང་སྒོམ་པའི་མལ་དུ་ཐིལ།།

འགྲོས་མགྱོག་དུས་ཚོད་ལོ་འཁོར་ཐོས་པས་འདེད།།
རྐོ་གྱོང་རྒྱུད་མཁྲེགས་དཔག་པ་རིགས་པས་མཉེས།།
གདོན་སློམ་རྣམ་རྟོག་རྒན་མོ་དཔྱད་པས་བསྣུད།།
གྲྭ་སའི་གྲྭ་རྐྱང་རིགས་པའི་ཀློང་ན་ཐིམ།།

ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་བཀོད་པ།

2014 ལོའི་ཟླ 6 ཚེས 25 ཉིན། གླིང་སྨྱོན།

ཁུངས། བརྡ་འཕྲིན་ལག་རྩལ་དྲ་བ།

ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་ལ་དབྱེ་ན་གསུམ་སྟེ Tibetan-Wyie དང Tibetan QWERTY དང Tibetan-Otani བཅས་སོ།།ཀུ་ཤུའི་གློག་ཀླད་ཁྲོད་ཀྱི་བོད་ཡིག་གི་མཐེབ་གཞོང་བཟོ་མཁན་ནི་འཇར་པན་གྱི Otani གཙུག་ལག་སློབ་གྲྭ་རེད།

QWERTY ནི་ཁོ་ཏིས་མཐེབ་གཞོང་སྟེ་ཆ་ཚང་མཐེབ་གཞོང་ཡང་ཟེར། དེ་ནི་ཆེས་རྒྱུགས་ཆེ་བའི་མཐེབ་གཞོང་བཀོད་པ་ཞིག་ཡིན་ལ། གསར་གཏོད་བྱེད་མཁན་ནི Christopher Latham Sholes རེད་འདུག 1868ལོར་ཆེད་ཁེའི་བདག་དབང་ཐོབ་འདུན་ཞུས་པ་དང་། 1873ལོར QWERTY བཀོད་པ་འདུས་པའི་ཚོང་སྤྱོད་ཡིག་གཏག་འཕྲུལ་ཆས་ཐོག་མ་དེ་ཚོང་རར་བཀྲམས་པ་རེད། མཐེབ་གཞོང་འདི་ནི་ཐོག་མར་དབྱིན་ཡིག་ཡིན་པ་དང་། རྗེས་སུ་དབྱིན་ཡིག་མ་ཡིན་པའི་སྐད་ཡིག་གཞན་དག་གིས་ཀྱང་མཐེབ་གཞོང་འདི་སྤྱད་པ་ཞིག་རེད།


ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...