ཁ་པར་གཙང་མ་ཇི་ལྟར་བྱེད་དགོས།

ད་སྐབས་རང་རེའི་བོད་མིའི་ཁྲོད་ན་ལག་ཐོགས་ཁ་པར་ཁུར་མཁན་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་ལ་ལྷག་དོན་བོད་ཡིག་ཡོད་པའི་ཁ་པར་ཁུར་བའི་གྲངས་ཚད་ཀྱང་མང་དུ་འགྲོ་བཞིན་ཡོད་པས་ཁ་པར་དང་འབྲེལ་བའི་གནས་ཚུལ་གང་མང་དང་གདོང་ཐུག་བྱེད་དགོས་བྱུང་ཡོད། ཁྱེད་ལ་སུན་སྣང་དང་ཁོང་ཁྲོ་སྟེར་མཁན་གཅིག་ནི་ཁ་པར་གྱི་ལས་ཀ་ཏག་ཏག་མི་བྱེད་པར་དལ་དུ་འགྲོ་བ་དང་ཡང་ཡང་འགག་པ་བཅས་རེད།  འདིའི་རྒྱུ་རྐྱེན་གཙོ་བོ་དེ་ནི་ཁ་པར་ནང་རྒྱུ་ཆ་གསོག་རྒྱུ་མང་དྲགས་ནས་ལས་ཀ་བྱེད་མི་ཐུབ་པ་ཆགས་པ་རེད།  ཁྱེད་ཀྱིས་ཁ་པར་ནང་དུ་ཅི་ཡང་བླུག་མེད་པས་བྱང་བུ་ནང་རྒྱུ་ཆ་མང་དྲགས་དོན་གཏན་ནས་མེད་སྙམ་སྲིད།  རེད་དེ།  ཁྱེད་ཀྱིས་དྲ་བ་བེད་སྤྱོད་གཏོང་དུས་ཀྱི་དྲ་ཚིགས་ཀྱི་པར་ངོས་དང་པར་རིས་གཞས་གློག་བརྙན་སོགས་ཀྱི་དྲ་ཐག་ལ་བསྣུན་ཙམ་གྱིས་བྱང་བུ་ནང་རྒྱུ་ཆ་གང་མང་ཞིག་འཛུལ་ཡོང་ལ། འཕྲིན་ཕྲན་ལྟ་བུའི་ནང་སྐད་དང་ཡི་གེ་པར་སོགས་ཕར་སྐུར་དང་ ཚུལ་འབྱོར་བ་དག་ལྟ་ཀློག་བྱེད་པ་སོགས་སྟོང་གཅིག་བྱས་ཡོད་ན་རྒྱུ་ཆ་སྟོང་གཅིག་ཁ་པར་ནང་འཛུལ་ཡོད། དེར་བརྟེན།  ཁ་པར་གྱི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཏེ་ལས་ཀ་དལ་དུ་འགྲོ་གི་ཡོད། འདི་འདྲའི་རིགས་ཀྱི་དཀའ་ཁག་འཕྲད་དུས་དུག་འགོག་མཉེན་ཆས་སྤྱད་དེ་གཙང་སེལ་བྱས་ཀྱང་ཕན་ཐོག་མི་འབྱུང་། ཡག་ཤས་ནི་ཁ་པར་(Reset)བསྐྱར་སྒྲིག་བྱས་ན་ལས་ཀ་མགྱོགས་པོ་དང་ཁ་པར་ཡང་པོར་ཆགས་ཐུབ། ཟླ་ངོ་གཉིས་གསུམ་ནང་བསྐྱར་སྒྲིག་རེ་བྱེད་ཐུབ་ན་ཡག  ཁ་པར་བསྐྱར་སྒྲིག་ནི་ལས་སླ་པོའི་ངང་བྱེད་ཐུབ་མོད་འོན་ཀྱང་སྔོན་དུ་ལམ་ཁ་གསུམ་བརྒྱུད་དགོས། ལམ་ཁ་གསུམ་པོ་མ་བརྒྱུད་ཚེ་ཁྱེད་ལ་དཀའ་ཁག་གང་མང་ཞིག་འབྱུང་བ་ཐག་གཅོད་ཆོག 
ཁྱེད་ཀྱིས་ཁ་པར་བསྐྱར་སྒྲིག་མ་བྱས་སྔོན་དུ་ངེས་པར་བརྒྱུད་པའི་ལམ་ཁ་གསུམ་པོ་ནི།
  1.  ཁ་པར་ནང་གི་ཁྱེད་ལ་དགོས་མཁོ་ཡོད་པའི་པར་དང་ལྟད་མོ་རིགས་ཇི་ཡོད་བྱང་བུའི་ནང་བཅུག་དགོས། 
  2.  ཁ་པར་གྱི་ནང་དུ་ཉར་ཚགས་བྱས་པའི་ཁ་པར་ཨང་གྲངས་ཉར་ཚགས་བྱེད་དགོས།  
  3. ཁྱེད་ཀྱི་ཕབ་ལེན་བྱས་ཡོད་པའི་མཉེན་ཆས་དང་བསྐྱར་གསོ་བྱས་ཡོད་པའི་མཉེན་ཆས་ཁག་ཉར་ཚགས་བྱེད་དགོས།          འདི་གསུམ་བྱས་ཚར་ན་བློ་བདེ་པོའི་ངང་ཁ་པར་བསྐྱར་སྒྲིག་བྱེད་ཆོག ལམ་ཁ་འདི་གསུམ་བརྒྱུད་སྟངས་ཤེས་ན་ལས་སླ་པོ་ཞིག་ཡིན་མོད།  ཉམས་མྱོང་ཕྲན་བུ་མེད་ན་ཅུང་མགོ་རྙོགས་ཆེ་བ་ཞིག་ཀྱང་རེད།
 གཤམ་ནས་ལམ་ཁ་གསུམ་པོ་བརྒྱུད་སྟངས་བཤད་ཀྱི་ཡིན།
  •  ༡) ཁ་པར་ནང་གི་དགོས་མཁོ་ཅན་དག་བྱང་བུའི་ནང་བླུགས་སྟངས་ནི་ཕལ་ཆེ་བས་ཤེས་ཀྱི་རེད། 
  • ༢) ཁ་པར་ཨང་གྲངས་ཉར་ཚགས་བྱེད་ཅེས་པ་ནི་sim card བྱང་བུ་ནང་གི་ཨང་གྲངས་མིན་པརphoneཁ་པར་ནང་གི་ཨང་གྲངས་ལ་ཟེར་བ་ཡིན། ཁ་པར་ཨང་གྲངས་ཉར་ཚགས་བྱེད་སྟངས་ལས་སླ་བ་གཉིས་ཡོད། གཅིག་ནི་ཨང་གྲངས་ཚང་མ་gmailགློག་འཕྲིན་ཐོག་ཉར་བ་དང་གཅིག་ནི་ཨང་གྲངས་ཚང་མshareམཉམ་སྤྱོད་ལམ་ནས་འཕྲིན་ཕྲན་ནང་དུ་(Favorite massge) ཐོག་ཏུ་ཉར་ཚགས་བྱེད་པ་དང་ཡང་མིན་ན་འཕྲིན་ཕྲན་གྲོགས་པོ་ཞིག་ལ་བསྐུར་ནས་དགོས་དུས་ཚུར་ལེན་ཆོག་པ་རེད། འདི་ནི་སྐར་མ་གཅིག་གི་ནང་ཁྱེད་ཀྱི་ཨང་གྲངས་ཚང་མ་བདེ་ལག་ཐོག་བསྐྱར་སྒྲིག་བྱས་རྗེས་རང་གི་ཁ་པར་ནང་ཚུར་རག་ཐབས་ཤིག་ཡིན།         
  •  ༣) མཉེན་ཆས་ཉར་ཚགས་བྱེད་པ་འདིས་ནི་ཁྱེད་ལ་སླར་ཡང་མཉེན་ཆས་ཕབ་ལེན་དང་བསྐྱར་གསོ་མི་དགོས་པར་སྐར་མ་འགའ་ཤས་ནང་དེ་སྔར་གྱི་མཉེན་ཆས་ཚང་མ་ཚུར་རག་ཐབས་ཤིག་ཡིན།          (app Backup & Restore) མཉེན་ཆས་འདི་ཕབ་ལེན་བྱས་ཏེ་འདིའི་བརྒྱུད་ནས་ཁ་པར་གྱི་མཉེན་ཆས་རྣམས་བྱང་བུ་ནང་ཉར་ཚགས་བྱེད་ཐུབ།  གོང་གི་ལམ་བུ་གསུམ་པོ་བརྒྱུད་ཚར་ན་བློ་བདེ་པོའི་ངང་བསྐྱར་སྒྲིག་བྱེད་ཆོག          གསལ་བཤད།  gmail ཁ་བྱང་དང་གསང་ཨང་བཅུགས་ཏེ་ཁ་པར་བསྐྱར་དུ་སྒོ་འབྱེད་དགོས་པ་དང་དེང་གི་ཁ་པར་ཐོན་གསར་པ་དག་ལ་གོང་གི་ཁ་བྱང་མི་དགོས་པར་སྒོ་འབྱེད་ཐུབ་མོད། འོན་ཀྱང་play store ནས་མཉེན་ཆས་ཕབ་ལེན་བྱེད་པར་གོང་གི་ཁ་བྱང་དེ་ངེས་པར་དགོས་པས་ཁྱེད་ལ་gmailཁ་བྱང་དང་གསང་ཨང་ཡོད་དགོས།          འདི་དག་ལ་ཞིབ་ཏུ་བལྟས་ནས་ཁྱེད་ཀྱིས་རང་ཉིད་ཀྱི་ཁ་པར་གཙང་མ་བྱོས།།          འདི་དག་ནི་samsung ཁ་པར་ལ་གཞི་བཞག་ནས་བཤད་པ་ཞིག་ཡིན་རུང་ཨན་ཌོ་མ་ལག་གྱི་sony LG htc སོགས་ཀྱི་ཁ་པར་དག་ལའང་གཅིག་མཚུངས་སུ་ལག་ལེན་བསྟར་ཆོག         
Powered by Blogger.