2018/12/24

འབྲི་ཆུ་ཆེད་དེབ་གསར་པ་གནས་མཆོག་རྡོ་རྗེ་གདན་ནས་དངོས་སུ་ཚོང་འགྲེམས།


 
      •  མིང་། འབྲི་ཆུ།
      • རྩོམ་སྒྲིག་པ།  ཁམས་པའི་སྨྱུག་ཚོགས།
      • འདོན་ཐེངས། གསུམ་པ།
སྔོན་གླེང་།
ཆུ་བཞི་གཡུ་འབྲུག་ཐང་དུ་རྒྱུགས་འདྲ། སྒང་དྲུག་སེང་གེ་གནམ་ལ་སྙེགས་འདྲའི་དབུས་ན། སྟག་དམར་ཡག་ལྟ་བུའི་རྩལ་དྲུག་འཛོམས་ཤིང་། བྱ་ཁྱུང་ཆེན་འདྲ་བ་གནམ་འཕང་གཅོད་པའི་མདོ་སྟོད་མགོ་ནག་མིའི་ཆོལ་ཁར་སྲིད་པར་བཟུང་ཞིང་། མི་རིགས་ཀྱི་ལ་རྒྱ་དང་།

2018/12/23

དཔེ་དེབ་གསར་ཐོན། མར་མེ་རང་འབར་ཚང་གི་<སྒོ་དར།>




<<མར་མེ་རང་འབར།>>ཚང་སྒོར་བུད་པ།

1
 ཐོག་མའི་སེམས་བསྐྱེད།

     བློ་མིག་ལ་ཤེས་རབ་ཀྱི་སྤྱན་ཐོགས་ཤིང་།  ཕྱི་ནང་ཉེ་རིང་ཀུན་ཏུ་གནས་འཆའ་བའི།  བོད་མི་རིགས་ཀྱི་སྐྱེ་འགྲོ་ཀུན་ལ། སྒོ་གསུམ་ཞབས་སུ་བཏུད་དེ། ཁྱི་ལོ་གསར་པར་བཀྲ་ཤིས་བདེ་ལེཊ་ཞུ་བ་དང་ཆབ་ཅིག 

2018/12/01

དགེ་སྐོས་གསར་པ་ཏྲེ་ཧོར་དགེ་བཤེས་ཚེ་དབང་སྟོབས་ལྡན།



དགའ་ལྡན་ལྔ་མཆོད་ཉིན་སེ་རའི་དགེ་སྐོས་གསར་རྙིང་བརྗེས་སྤོར་དང་རྒྱལ་མཆོག་མདུན་པ་ཆེན་པོའི་བཅའ་ཡིག་རབ་གསལ་ནོར་བུའི་མེ་ལོང་རྩིས་ལེན།


དགེ་སྐོས་གསར་པ་ཏྲེ་ཧོར་དགེ་བཤེས་ཚེ་དབང་སྟབས་ལྡན་མཆོག་ནི་ཁམས་དཀར་མཛེས་པོས་མོ་འབུར་ཚང་ཞེས་པའི་ཁྱིམ་མིང་ཅན་གྱི་ཁྱིམ་ཚང་ཞིག་གི་བུ་བློ་དགའ་དང་སྡེ་དགེ་བ་ཚེ་རིང་སྒྲོལ་མ་གཉིས་སུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་རྙིང་པའི་གྲོང་སྡེ་གཉིས་པར་སྐྱེས།

2018/11/27

Excelནང་དུ་གྱེན་ཐིག་ཕྲེད་ཐིག་བཟོ་ཐབས།


 Excel ནང་དུ་རེའུ་མིག་ཆེ་ཆུང་ཤོར་བའི་དཀའ་ངལ་སེལ་ཐབས་འདིས་ལས་ཀ་མང་པོ་ཞིག་སྟབས་བདེ་བཟོས་ཡོད།

  • columnགྱེན་ཐིག
  • rowཕྲེད་ཐིག
  • རེའུ་་མིག་ཆེ་ཆུང་མཉམ་སྒྲིག
  • རེའུ་མིག་ཆེ་ཆུང་ཤོར་ན་དཀའ་ངལ་སེལ་ཐབས།

Excel ནང་དུ་སྡོམ་ཐོབ་ཇི་ལྟར་བཟོ།


མན་ངག་=sumསྤྱད་དེ་སྡོམ་ཐོབ་བཟོ་ཐབས་ཀྱི་བརྙན་ཞིག་བཟོས་ཡོད། ང་རང་གིས་ཀྱང་ཞིབ་ཚགས་མ་ཤེས་ནའང་སྣེ་ཙམ་བསྟན་པ་འདིས་ཁྱེད་ལ་བློ་སྒོ་ཆུང་ཆུང་ཞིག་འབྱེད་ཐུབ།

  • མན་ངག Formula
  • =sum() གུང་རྟགས་ནང་སྡོམ་དགོས་པའི་ཨང་གྲངས་བླུག་དགོས།
  • ཁྱེད་ཀྱིས་མནན་ཐེངས་གཅིག་གིས་ཨང་གྲངས་ཆེ་ཆུང་ཅི་འདྲ་མང་ཡང་སྡོམ་ཐོབTotalརྒྱག་ཐུབ།
  • ཁྱེད་ཀྱིས་རྩིས་འཕྲུལ་ནང་དུ་མནན་ནོར་ཤོར་བ་དང་ཡུན་རིང་རྩི་དགོས་པའི་དཀའ་ཁག་ཡོངས་སུ་སེལ་ཐུབ།
  • སྡོམ་བྱའི་ཨང་གྲངས་བཟོ་བཅོས་བྱེད་དུས་སྡོམ་ཐོབ་བཟོ་བཅོས་མི་དགོས་པར་རང་འགུལ་ངང་སྡོམ་ཐོབ་འགྱུར་འགྲོ།



2018/11/19

རིན་མེད་ཀྱི་དྲ་ཚིགས་ཇུས་འགོད་སྣ་མང་ཕབ་ལེན་བྱོས།


དྲ་ཚིགས་ཇུས་འགོད་ནི་ཅུང་མགོ་རྙོག་ཆེ་བ་ཞིག་ཡིན་ཞིང་ལྷག་པར་དུ་HTML codeནི་ཅུང་ཆེད་སྦྱོང་བྱེད་མྱོང་མེད་ན་ཁག་ཙམ་ཡིན་འདུག་པས་རང་ཉིད་ཀྱི་དྲ་ཚིགས་ཇུས་འགོད་བཟོ་བཅོས་བྱེད་དགོས་ཚེ་ཇུས་འགོད་པ་ཞིག་ལ་རེ་བཅོལ་མི་བྱེད་དཀའ་མེད་ཡིན།

bloggerཟིན་བྲིས་ནི་googleཚང་གི་རིན་མེད་ཀྱི་དྲ་ཚིགས་གཉེར་ས་ལེགས་པོ་ཞིག་ཡིན་ཞིང་རིན་གང་ཡང་མི་དགོས་པར་དྲ་ཚིགས་གཉེར་ཐུབ། bloggerནང་དུ་ཇུས་འགོད་རྣམ་གྲངས་ཉུང་ཤོས་ཤིག་རིན་མེད་དུ་བཀོལ་སྤྱོད་བྱེད་རྒྱུ་ཡོད། དེ་མིན་དྲ་ཚིགས་ཀྱི་ཇུས་འགོད་བཟོ་བཅོས་བྱེད་དགོས་ཚེ HTML CSS སོགས་ཀྱིས་གསང་བརྡ་བེད་སྤྱོད་གཏོང་རྒྱུ་ལས་ཐབས་གཞན་མེད། 

དྲ་ཐོག་ཏུ་ཇུས་འགོད་སྣ་ཚོགས་བཙོང་མཁན་ཡོད་ཅིང་དེ་བཞིན་རིན་མེད་དུ་ཇུས་འགོད་ཀྱི་རྣམ་གྲངས་མང་པོ་བསྟེར་མཁན་ཡང་འདུག་པས་སྒེར་གྱི་ཟིན་བྲིས་དང་དྲ་ཚིགས་ཡིན་ན་རིན་མེད་དེ་དག་བཀོལ་སྤྱོད་བྱེད་ན་མི་འགྲིག་པར་གང་ཡང་མི་འདུག bloggerཟིན་བྲིས་ལ་མཁོ་བའི་རིན་མེད་ཇུས་འགོད་ཕབ་ལེན་བྱ་ས་མང་པོ་འདུག་པ་ལས་དྲ་ཚིགས་གཉིས་ཀྱི་དྲ་སྣེ་འདི་ན་བཞག་ཡོད་པས་གཟིགས་རྒྱུ་དང་བཀོལ་སྤྱོད་བྱེད་ཐབས་ཀྱི་བརྙན་གྱི་དྲ་སྣེ་ཡང་བཞག་ཡོད།

དྲ་ཚིགས། https://gooyaabitemplates.com/
དྲ་ཚིགས། https://btemplates.com/
བརྙན།  https://youtu.be/P0vMjNnrGN0

2018/11/16

PullTube_youtubeཕབ་ལེན་མཉེན་ཆས།




PullTube 

  • མ་ལག Mac
  • སྤྱོད་ཡུལ། Youtube,facebook
  • ཕབ་ལེན། དྲ་སྣེ།

PullTubeམཉེན་ཆས་འདི་ནི་youtube,facebook,vimeo,dailymotion ནང་གི་བརྙན་རྣམས་ཀུ་ཤུ་གློག་ཀླད་ནང་དུ་ཕབ་ལེན་བྱ་ཐུབ་པའི་མཉེན་ཆས་སྤུས་ལེགས་ཤིག་རེད་འདུག 

Themes for MS PowerPoint


Themes for MS PowerPoint 


  • མ་ལག Mac
  • སྤྱོད་ཡུལ། Microsoft PowerPoint 
  • ཕབ་ལེན། དྲ་སྣེ།

ཆེས་ཐོན་རིམ་གསར་པའི་ཡིག་ཚང་གི་PowerPoint ལ་མཁོ་བའི་མཉེན་ཆས་འདི་ནས་རང་གིས་སྒྲིག་སྦྱོར་སོགས་བྱེད་མི་དགོས་པར་མ་དཔེ་བརྒྱ་ཕྲག་ཁ་ཤས་ཅི་འདོད་དུ་བཀོལ་སྤྱོད་བྱེད་ཆོག།

Templates for MS Word




Templates for MS Word 

  • མ་ལག Mac
  • སྤྱོད་ཡུལ། Microsoft Word
  • ཕབ་ལེན། དྲ་སྣེ།


   ཆེས་ཐོན་རིམ་གསར་པའི་མཉེན་ཆས་འདི་ཕབ་ལེན་བྱོས་དང་ཁྱེད་ཀྱི་ཡིག་ཚང་དུ་རང་གིས་སྒྲིག་སྦྱོར་བྱེད་མི་དགོས་པར་མ་དཔེ་བརྒྱ་ཕྲག་ཁ་ཤས་གང་འདོད་དུ་བཀོལ་སྤྱོད་བྱེད་ཆོག

2018/10/01

ཡིག་ཚང office 2019 for mac གསང་ཟྭ་ཅན་ཕབ་ལེན།

  1. མ་ལག Mac
  2. ཆེ་ཆུང་ 1.65 GB
  3. ཡིག་ཆ། zip
  4. རྣམ་གྲངས། Word/PowerPoint/Excel/Outlook/Onenoot/OneDrive
  5. ཐོན་རིམ། 16.17

2018/08/17

སྤུན་སྐལ་བཟང་རྡོ་རྗེའི་རིགས་ཆུང་ཚོགས་ལངས་ལེགས་གྲུབ་དང་བདག་གི་དྲན་ཚུལ།

སྤུན་སྐལ་བཟང་རྡོ་རྗེའི་རིགས་ཆུང་ཚོགས་ལངས་ལེགས་གྲུབ་དང་བདག་གི་དྲན་ཚུལ།

ཁོང་ནི་གཟུགས་ཡར་ཆེ་རྒྱུ་མེད་པའི་ཐོག་ཏུ་ལོ་རེར་ཕར་ནར་ནས་མི་གྲུ་བཞི་མ་ཆགས་གྲབས་རེད་ཅེས་ང་ཚོ་སྤུན་མཆེད་ཚོས་བསྟན་བཤིག་སློང་གི་ཡོད། ཁོང་གིས་ཀྱང་ཚུར་རྒན་ཡ་མ་བསོད་ནམས་ང་ཚོ་གྲས་གཟུགས་ཐུང་ནའང་ཀླད་པ་གཞན་ལས་ཆེ་ཞེས་ཀུ་རེ་བྱེད་ཀྱི་རེད། ང་ཚོས་ཁོང་གཟུགས་ཐུང་ནའང་ཀླད་པ་གྲུང་པོ་ཡོད་པར་ཤེས་ཀྱི་ཡོད། ལྷག་པར་དུ་དཔེ་ཆ་བ་ལ་དགོས་པའི་རྣམ་རིག་གྲུང་པོ་དང་། ཡུལ་ལ་དཔྱད་པ་བྱེད་མཁས་པའི་བློ་རིག་ཅིག་རང་ཆས་སུ་འདུག འདི་ནི་དཔེ་ཆ་བ་ཞིག་ལ་མཚོན་ན་རྨང་གཞི་བཟང་པོ་ཞིག་ཡིན། ཁོང་ཞོགས་ཉལ་རྒྱག་རྒྱུ་དགའ་བས་མཚམས་རེར་ཉལ་རྒྱུ་ཅུང་མང་དྲགས་འདུག་ཅེས་བཤད་དགོས་ཁེལ་གྱི་འདུག འོན་ཀྱང་དཔེ་ཆ་གང་ལྟ་བ་དེ་ཞིབ་ཚགས་པོ་དང་། སེམས་གཏད་ཅིང་དྲན་པས་བཟུང་། ་གཞུང་ཚན་རེ་རེ་ལ་དཀའ་གནད་དང་དོགས་པ་གང་ཡོད། ཞིབ་ཆ་དང་འཛིན་མཚམས་ཅི་དགོས་སོགས་དཔེ་ཆ་ལྟ་སྟངས་ལེགས་པོར་ཤེས་ཀྱི་འདུག་པས་ཞོགས་ཉལ་ཅུང་རྒྱགས་ནའང་སྤུན་མཆེད་ཚོས་གང་ཡང་ཟེར་གྱི་མ་རེད། 

བར་སྐབས་ཤིག་ནས་འདི་གའི་གཞོན་སྐྱེས་མང་པོ་ཞིག་སློབ་གྲྭའི་འཛིན་གྲྭ་བཅུ་པའི་ལག་ཁྱེར་ཐོབ་རྗེས་དགོན་པར་མ་སྡོད་པར་ཕྱི་ལ་འགྲོ་བའི་ན་ཚ་ཞིག་བྱུང་སྟེ་མི་མང་པོ་ལ་སེམས་འཚབ་སློང་ཡོད། རེད་དེ། ཁོང་གི་འཛིན་གྲྭ་བཅུ་པའི་ལག་ཁྱེར་ཐོབ་རྗེས་དགོན་པ་རང་དུ་སྡོད་དེ་དཔེ་ཆ་ལྟ་རྒྱུར་དགའ་མོས་བྱེད་ཀྱི་འདུག་སྟབས་འདི་ནི་ངེད་སྤུན་མཆེད་རྣམས་ལ་མཚོན་ན་ཧ་ཅང་དགའ་པོ་བྱེད་དགོས་དོན་དག་ཅིག་ཏུ་གྱུར་སོང་། ཆོས་རྭར་ཞུགས་རྗེས་རྒྱུན་དུ་དཔེ་ཆ་ལྟ་རྒྱུ་ལ་ཀུན་སློང་གང་ཡང་བྱེད་མི་དགོས་པར་རང་མོས་ཐོག་ཏུ་དཔེ་ཆ་ལྟ་བ་ཙམ་མ་ཟད། དཔེ་ཆ་ཡག་པོ་ཤེས་ཀྱི་ཡོད་པ་དེས་ང་ཚོ་ཧ་ཅང་དགའ་སྡོད་ཡོད། ཇི་ལྟར་སྦྱོང་ནའང་མ་ཤེས་ཚེ། མདའ་ཇི་ཙམ་འཕངས་རུང་འབེན་ལ་མ་ཕོག་པ་དང་འདྲ་བས་ནམ་ཞིག་ལ་རང་གཞན་ཚང་མ་ཡིད་ཐང་ཆད་དེ། ཁྱེད་རྡོ་བཙོས་ནས་ཁུ་བ་དོན་ས་མ་རེད་ཅེས་བཤད་དགོས་ཁེལ་གྱི་རེད། སྐབས་དེ་འདྲ་ལ་རང་ཉིད་ཀྱང་དགོན་པའི་ནང་མི་མཐུད་དེ་སྡོད་འདོད་ཀྱི་བསམ་བློ་དེའང་འགྱུར་ལྡོག་ཡོང་ཞིང་། ག་ལེར་དགོན་པ་དང་ཁ་བྲལ་བའི་གནས་སྟངས་དེ་ཡོང་ངེས་ཤིང་། གྲྭ་པ་ཞིག་ལ་མཚོན་ན་དགོན་པ་དང་ཁ་བྲལ་བ་ནི་ཆེས་སྐྱོ་དགོས་པའི་ལས་དབང་ཞིག་མགོ་ཚུགས་པ་དང་འདྲ་བས་འདི་ཉིན་ནས་ཚེ་འདི་སྣང་གི་བྱ་བར་གཡེང་རྒྱུ་པང་དུ་བླངས་པ་ལྟ་བུ་ཞིག་ཆགས་རྒྱུ་རེད།  བྱས་ཙང་དཔེ་ཆ་ལྟ་བ་ཙམ་གྱིས་མི་ཚད་པར་དཔེ་ཆ་ཤེས་རྒྱུ་དེ་ནི་དགའ་འོས་པ་ཞིག་ཆགས་ཡོད།  

ཁོང་རིགས་ཆུང་ལེན་རྒྱུར་རྔམ་སྐྲག་གང་ཡང་མི་འདུག རིགས་ཆུང་མ་རག་ཐབས་མེད་བསམ་ནས་ཉིན་ཀློག་མཚན་ཀློག་བྱས་ཏེ་སྨྱོ་འཚུབ་འཚུབ་གང་ཡང་མ་བྱས་པར་རྒྱུན་ལྡན་བཞིན་དཔེ་ཆ་ཀློག་གི་འདུག ཁོང་གི་སེམས་གཏིང་དེར་རིགས་ཆུང་མ་རག་ན་དགའ་བའི་བསམ་བློ་ཞིག་ཡོད་ཚོད་འདུག ངས་ཀྱང་རིགས་ཆུང་དེ་མ་རག་དགའ་བར་བསམ་སོང་ལ། རག་ཀྱང་མ་ལེན་ན་ཡག་ག་བསམ་རུང་རང་གི་བསམ་ཚུལ་དེ་ཁོང་ལ་ཇི་བཞིན་བཤད་མ་ཕོད། ཁོང་གིས་ཀྱང་ཕྱོགས་མང་པོའི་སེམས་ཚོར་དང་རེ་བ་ལ་ལྟ་དགོས་དུས་སེམས་གཏིང་གི་དྲན་ཚུལ་རེ་གཉིས་ལས་སླ་པོར་སྒྲུབ་ཆོག་ཆོག་མེད་པར་ངས་ཤེས་ཀྱི་ཡོད། 

རིགས་ཆུང་ནི་དུས་ཚོད་མང་པོ་བཏང་དགོས་པ་ཞིག་ལ་འབྲས་བུ་དེ་འདྲ་ཐོབ་རྒྱུ་མེད་པ་ཞིག་རེད། ལྷག་པར་དུ་རིགས་ཆུང་ཕྱི་རྒོལ་རག་ཚེ་དེ་ལས་ཀྱང་སྙིང་པོ་མེད་པར་གཞན་གྱིས་འཁྲབ་གཞུང་བརྩམས་པ་ཞིག་ལ་རང་ཉིད་ཀྱིས་འཁྲབ་སྟོན་བྱེད་དགོས་པ་ལྟ་བུ་ཞིག་ཡིན། ང་ནི་ཁོང་ལ་རིགས་ཆུང་རག་པས་གང་ཡང་དགའ་མ་སོང་ལ། དེ་ལས་ཁོང་གིས་མིང་ཞིག་ཐོབ་རྒྱུར་འདོད་རྔམ་མི་བྱེད་པ་དེ་ང་ལ་མཚོན་ན་རིགས་ཆུང་རག་པ་ལས་ཀྱང་དགའ་ཆེ་བ་བྱུང་། ཏྲེ་ཧོར་སྐྱོར་དཔོན་གྱིས་ངའི་ལྷ་རམས་མིང་ལས་ལྕི་བ་སྐམ་པོ་འདིས་དགའ་ཆེ།ཞེས་པའི་གསུང་དེ་མཇལ་བ་དང་ངེད་ཅག་ལ་འདི་ལྟ་བུ་སློབ་གསོ་སྤྲོད་མཁན་རེ་ཡོད་ན་ཆོས་ལ་བརྟེན་ནས་སྡུག་པའི་ལས་སུ་འཇུག་པ་དེ་ཅུང་ཉུང་དུ་འགྲོ་སྲིད་པ་འདུག་ཅེས་ཡང་ཡང་དྲན་མྱོང་། 

རིགས་ཆུང་ཚོགས་ལངས་ཀྱི་དུས་ཡུན་ཆུ་ཚོད་ཕྱེད་ཀ་དེའི་ཆེད་དུ་ཁོང་གིས་དཀའ་ལས་མང་པོ་བརྒྱབ་སོང་། དུས་ཚོད་ཀྱང་མང་པོ་བཏང་སོང། མཐར་ཚོགས་ལངས་ལེགས་གྲུབ་བྱུང་ནས་དེ་རིང་མཛོད་སྒོ་གཉེར་གྱིན་ཡོད་པས་ངས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཚབ་ཏུ་རང་གི་དྲན་ཚུལ་འདི་འབྲི་བཞིན་ཡོད། 
སླད་མར་ཡང་མིང་ཐོབ་རྒྱུ་ལ་དགའ་ནས་ཤི་སྡོད་མཁན་ཞིག་མ་ཡོང་བ་དང་། ཨང་ཐོབ་ལ་རྩོད་དེ་གདོང་དཀར་ལོག་དམར་ལོག་གྱུར་ཅིང་། སུ་ཞིག་ལ་ཅི་ཞིག་ལབ་དགོས་ནའང་ཡ་ང་བག་ཚ་མེད་པའི་དཔེ་ཆ་བ་མགོ་མཁྲེགས་ཤིག་མ་གྱུར་བའི་སྨོན་འདུན་གྱིས་བརྒྱན་ནས་མཇུག་བསྡུས་པའོ།།

             ____སྲོང་བཙན།
ཕྱི་ལོ2018ཟླ8ཚེས10ཉིན།

2018/04/06

གློག་འཕྲིན་འགོག་ཐབས།


ཁྱེད་ལ་སུན་པོ་བཟོ་མཁན་གྱི་གློག་འཕྲིན་དེ་འགོག་ཆོག

2018/02/19

ཇོ་བོའི་དབུ་རྒྱན་དང་འབྲེལ་བའི་གསལ་བཤད། དགེ་བཤེས་འཇམ་དཔལ་བློ་ཤེས།


ཐོག་མར་བོད་མི་མགོ་ནག་ཡོངས་ལ། རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་གྱི་དུས་ཚེས་བཟང་པོ་འདི་ལ། ཁྱེད་རྣམས་ཀྱི་སྐུ་གཟུགས་བདེ་ཞིང་། རང་རང་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་། བྱ་གཞག་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།


གླེང་སློང་བ
འདི་ན་ཁོ་བོས། དེང་སྐབས་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་གྱི་སྐོར་ནས་མི་མང་པོ་ཞིག་དང་། ལྷག་པར་དྲ་བ་དང་གླེང་སྟེགས་འགའ་ཞིག་གིས་དོན་དངོས་མ་ཤེས་པ་ཡིན་ནམ། ཤེས་ནས་མ་ཤེས་མདོག་གིས་གཡོ་སྒྱུ་བྱས་པ་ཡིན་ནམ། གང་ལྟར་དམངས་ཚོགས་མགོ་བསྐོར་ཏེ་རྫུན་གཏམ་སྣ་ཚོགས་ཤིག་བསྒྲགས་བཞིན་པ་ལ། གསལ་བཤད་མདོར་བསྡུས་ཤིག་ཞུ་འདོད་སྐྱེས།

2018/02/18

ཇོ་ཁང་ལ་མེ་ཤོར། ང་ཚོ་མགོ་སྐོར་འོག་ཏུ་འཚུད།




ལོ་གསར་ཚེས་གཉིས་ཀྱི་ཕྱི་དྲོར་ཇོ་ཁང་མེ་ལ་མེ་ཤོར་འདུག་ཅེས་ག་ས་གང་ནས་བརྙན་ཐུང་ལྟ་མི་བཟོད་པ་དེ་འདྲ་གཅིག་འབྱོར་གཉིས་སླེབས་ཀྱིས་བོད་མི་ཚོའི་ལོ་གསར་གྱི་སྤྲོ་སྣང་དེ་སྐད་ཅིག་དེ་མ་ཉིད་དུ་བཅམས་སོང་། བརྙན་ཐུང་དག་ལས་རང་རང་སོ་སོས་གསོལ་བ་སྨོན་ལམ་དང་སྡུག་སྐད་རྒྱག་སྡོད་པ་ལས་བྱེད་ཐབས་མེད་པའི་གནས་སུ་གྱར་ཡོད་པ་མཐོང་ཐུབ་ལ་ཅི་འདྲ་བའི་བློ་ཕམ་དང་སེམས་སྡུག ཇོ་རིན་པོ་ཆེ་ལ་དད་སེམས་དང་ལྷ་ལྡན་གཙུག་ལག་ཁང་ལ་སྙིང་ནས་དགའ་ཞེན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རྭ་ས་འཕྲུལ་སྣང་གཙུག་ཁང་ཆེན་མོ་འདི་ལ་བོད་མི་ཚོས་བློ་གཏད་ཅི་ཙམ་བཅོལ་ཡོད་མེད་ནི་ད་རེས་བརྙན་ཐུང་དག་གིས་གསལ་བཤད་ཐུབ་ཀྱི་འདུག འཛམ་གླིང་ཁྱོན་དུ་ལོ་གསར་ལ་རོལ་བཞིན་པའི་བོད་མི་སྐྱབས་བཅོལ་བ་དག་གིས་ཀྱང་བརྙན་ཐུང་དག་ཕར་གཏོང་ཚུར་གཏོང་གིས་སེམས་ཁུར་དང་སྤྲོ་ལངས་བའི་ཚིག་དང་སེམས་སྐྱོ་བའི་སྡུག་སྐད་ཀྱང་འདོན་འགོ་ཚུགས་སོང་། ང་ཚོ་སྐྱབས་བཅོལ་བ་ཚོས་ཐག་རིང་ནས་སེམས་ཁུར་བྱེད་པ་ལས་ཅི་ཡང་ནུས་པ་མི་ཐོན་པ་གསལ་པོ་ཡིན་ལ་ཇོ་ཁང་མདུན་དུ་ཡོད་པ་དག་གིས་ཀྱང་བལྟས་སྡོད་པ་ལས་ཆུ་དབོར་ནས་མེ་གསོད་ཐབས་སོགས་གང་ཡང་བྱེད་ས་མ་རག་པ་འདི་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཆགས་འདུག

བརྙན་ཐུང་འབྱོར་ནས་སྐར་མ་བཅུ་མ་ཟིན་གོང་ནས་"མེ་ཤོར་ས་ཇོ་ཁང་མ་རེད། མ་ཎི་ལྷ་ཁང་རེད། ཡང་ལྷ་མོའི་མགོན་ཁང་རེད་"ཟེར། གང་ལྟར་"ཇོ་ཁང་ལ་མེ་ཤོར་མི་འདུག་བློ་བདེ་པོར་བྱོས་"ཟེར་ནས་ཡིད་སྐྱོ་བའི་སེམས་ཁམས་དེ་རེ་ཞིག་ཅུང་ལྷིང་འཇགས་སུ་བཏང་སོང་། དེ་མ་ཉིད་དུ་དྲ་ཐོག་ཏུ་གཤེ་གཤེ་ཡང་གཏོང་འགོ་བཙུགས་བྱུང་ལ་"གླན་པ་ཚོ་ཅལ་འདྲོགས་མ་བྱེད་ཇོ་ཁང་མེ་ལ་ཤོར་མེད་"ཅེས་ག་ས་གང་ནས་དྲ་ཐོག་ཏུ་སྤུངས་བྱུང་། ཇོ་ཁང་མེ་ལ་ཤོར་མེད་ན་འགྲིག་འདུག་བསམ་བཞིན་གཤེ་གཤེ་དག་ཟད་བཞིན་འདུག་སྡོད་པ་ཡིན། "ང་རང་ཡུལ་དངོས་ལ་ཡོད། མེ་སྐྱོན་འཚབ་ཆེན་མི་འདུག་ལ་ད་ཆར་མེ་བསད་དེ་ཡོད་ཚད་རྒྱུན་ལྡན་ཡིན་"ཟེར་ནས་སྐད་འཕྲིན་ཐོག་ཏུ་འཇོག་པ་དག་པར་བླངས་ནས་གཏོང་གི་འདུག དྲ་མིང་བོད་ཡིག་ཅན་དེ་དག་གིས་བདེན་བསམ་བསམ་དང་ལོས་ཡིན་བསམ་བསམ་དེ་འདྲ་བཤད་ཡོང་དུས་ང་ཚོས་ད་དུང་ཇོ་ཁང་མེ་ལ་ཤོར་འདུག་ཅེས་བཤད་ཕོད་པ་ཞིག་མི་འདུག ཇོ་ཁང་གི་ཕྱི་ནང་དང་གཡས་གཡོན་དེ་ཚོ་ལ་རྒྱུས་མངའ་མེད་ཙང་བློ་མ་བདེ་ནའང་རེ་ཞིག་བལྟས་ནས་སྡོད་པ་ལས་ཅི་ཡང་མ་གླེང་། ཆུ་ཚོད་གཅིག་ཙམ་སོང་རྗེས་ཇོ་ཁང་གི་པར་རིས་ཅན་ཞིག་ལ་དམར་རྟགས་དང་སེར་རྟགས་བརྒྱབ་ནས་མེ་ཤོར་ས་ཇོ་ཁང་མིན་པའི་སྒྲུབ་བྱེད་ཅིག་གཏོང་གི་འདུག དྲ་ཐོག་ཏུ་ལྷ་ས་ལ་ཆ་རྒྱུས་ཅན་ཚོས་གསལ་བཤད་གནང་ཨེ་འདུག་བལྟས་ནའང་ཁོ་ཚོ་ལའང་ཅི་བཤད་རྒྱུ་མེད་པ་འདྲ། རེ་གཉིས་ཤིག་གིས་མ་ཎི་ལྷ་ཁང་ཇོ་ཁང་གི་ཆ་ཤས་ཡིན་ཚུལ་ཙམ་བཤད་འདུག་པ་ལས་རྒྱབ་ལྗོངས་དང་ཁུངས་ལྡན་ཡིན་བསམ་བསམ་ཞིག་བཤད་ཀྱི་མི་འདུག་སྟབས་ཁ་མི་གསལ་བའི་གནས་ཚུལ་ཞིག་གི་ཐོག་ཏུ་ལུས་ཏེ་བསྡད་སོང་།


མཚན་ཕྱེད་ཙམ་ལ་རྩོམ་པ་པོ་འོད་ཟེར་གྱི་དྲ་བའི་ཐོག་ཏུ་པར་རིས་བཀོད་དེ་ཇོ་ཁང་མེ་ལ་ཤོར་བའི་སྐོར་བྲིས་འདུག་པ་མ་ཟད་པར་རིས་ཧ་ཅང་ཁ་གསལ་པོ་ཞིག་བཀོད་དེ་མེ་ཤོར་ས་དེ་གཙུག་ལག་ཁང་ཡིན་པ་མ་ཟད་དམར་ལྷབ་ལྷུབ་འབར་བཞིན་པའི་རྒྱ་ཕིབས་དེ་ཇོ་རིན་པོའི་དབུ་ཐོག་གི་རྒྱ་ཕིབས་དེ་ཡིན་པ་གསལ་པོར་སྟོན་ཐབས་གནང་འདུག ཇོ་ཁང་ལ་མེ་འབར་འདུག་ཟེར་ན་གཤེ་གཤེ་བཏང་ཡོང་བས་ཚང་མ་རེ་ཞིག་ཁ་ཁར་སྡོད་པ་ལས་འོད་ཟེར་ལགས་ཀྱི་པར་རིས་དེ་ལ་དཔྱོད་པ་བྱེད་མཁན་སུ་ཡང་བྱུང་མ་སོང་། གཞུང་གཉེར་འཕྲིན་སྟེགས་ཞིག་གིས་ཆེད་དུ་ཇོ་ཁང་གི་ཆ་ཤས་ལ་མེ་ཤོར་མོད། མེ་སྐྱོན་གང་མགྱོགས་གསོད་ཐུབ་པ་བྱུང་ལ། ཡོད་ཚད་སྔ་བཞིན་ཡིན་ཞེས་ཆ་འཕྲིན་ཞིག་སྤེལ་སོང་བས་མེ་ཤོར་ས་ཇོ་ཁང་དང་ཡེ་ནས་འབྲེལ་མེད་ཡིན་མདོག་བཤད་པ་དེ་རྫུན་དུ་བཏང་སོང་།


གནས་ཚུལ་དངོས་སྦེད་ཐབས་དང་གླེང་སློང་ལ་ཁ་ལོ་སྒྱུར་ཐབས་ཐད་རྒྱ་ནག་བྱང་ཆ་ཆེན་པོ་ཡོད་པ་ཡོངས་གྲགས་ཡིན་ཞིང་དྲ་མི་ཁྲི་ཕྲག་གླས་ཏེ་དྲ་ཐོག་གི་གླེང་སློང་ཁག་ཁ་གཞན་དུ་སྒྱུར་གྱི་ཡོད་སྐོར་དེ་སྔ་ནས་རྩོམ་ཡིག་མང་པོ་ཐོན་ཡོད། ད་རེས་ཇོ་ཁང་ལ་མེ་ཤོར་དུས་མེ་ཤོར་ས་ཇོ་ཁང་མ་རེད་ཅེས་གླེང་མཁན་དང་འབྲི་མཁན་དེ་དག་གཞུང་གཉེར་དྲ་བ་དག་མིན་པར་དྲ་མིང་བོད་ཡིག་ཅན་དག་གིས་"ང་ཡུལ་དངོས་ལ་ཡོད་མེ་ཤོར་ས་ཇོ་ཁང་མ་རེད་"ཅེས་པར་རིས་དང་བརྙན་ཐུང་ཁ་གསལ་གང་ཡང་མེད་པར་རང་ཉིད་དཔང་མི་བྱེད་མཁན་ཧ་ཅང་མང་པོ་ཐོན་འདུག འདི་དག་གི་གྲས་ན་རྒྱ་ནག་གིས་གླས་པའི་དྲ་མི་ག་ཚོད་ཡོད་དམ་ཁོ་ཚོས་ཆུ་ཚོད་གཅིག་ཙམ་གྱི་ནང་དུ་བོད་མི་ཚང་མའི་སེམས་ཁམས་ལྷིང་འཇགས་གཏོང་ཐུབ་པའི་ནུས་སྟོབས་དེ་ཅི་འདྲའི་ལམ་ལྷོང་དང་གནད་ལ་འཁེལ་བ་བྱུང་སོང་། ཡིད་སྐྱོ་དགོས་པ་དེ་ནི་དྲ་མི་དེ་དག་གི་མགོ་སྐོར་འོག་ཏུ་འཚུད་དེ་"མེ་ཤོར་ས་ཇོ་ཁང་མ་རེད། ཅལ་འདྲོགས་མ་བྱེད་"ཟེར་མཁན་བོད་ཕྱི་ནང་གཉིས་ཀྱི་ངེད་ཅག་བོད་མི་དག་ད་དུང་ཡང་རྒྱ་ནག་གིས་མགོ་སྐོར་ཆོག་ཆོག་དང་དོན་དངོས་ལ་ལྟ་ཐུབ་པའི་ནུས་པ་ཧ་ཅང་སྐྱོ་པོ་ཡོད་པ་འདི་རེད། རྒྱ་ནག་གིས་ཅི་ཞིག་གླེང་པ་དང་གང་ཞིག་བྱེད་ནའང་ཕྱོགས་གཞན་ཞིག་ནས་ལྟ་ཐུབ་པའི་བློ་རྩལ་དེ་ཧ་ཅང་སྐྱོ་པོ་ཡོད་པ་དེ་ད་རེས་ར་གསལ་པོར་འཕྲོད་ཐུབ་པ་བྱུང་བས་སླད་ནས་"ཅལ་འདྲོགས་མ་བྱེད་"ཟེར་བཞིན་རང་ཉིད་རྒྱ་ནག་གི་ལག་ཆ་ཆགས་བཞིན་པའི་གནས་སྟངས་དེ་མ་ཡོང་བ་བྱེད་གལ་ཆེ་སྙམ།

མི་ལ་ཅལ་འདྲོགས་མ་བྱེད་ཟེར་བཞིན་རང་ཉིད་ཅལ་འདྲོགས་བྱེད་བཞིན་པའི་གནས་ཚུལ་འདིས་ངེད་ཅག་བོད་མི་དག་ལ་སྣ་སུན་ཞིག་ཐེབས་ཡོད་པའི་རེ་བ་ཆེ་ལ། རྗེས་མ་ནས་རྒྱ་ནག་གི་མགོ་སྐོར་འོག་ཏུ་མ་འཚུད་པ་གནང་རོགས་ཞུ། དགྲ་བའི་ཐབས་ཇུས་དེ་དག་ཆེས་སྤྱི་བཏང་ཞིག་མིན་པས་རིག་པ་སྒྲིམ་པའི་དུས་ཚོད་ཅིག་ལ་སླེབས་འདུག ནང་མགོ་རྡུང་རེས་དག་དག་གིས་གཡུལ་ས་མ་ཞུགས་པར་རྒྱ་ནག་ལ་ཁ་ཕར་འཁོར་ནས་རང་ཉིད་ལ་མགོ་སྐོར་བཏང་ཞིང་རང་ཉིད་མགོ་སྐོར་ཐེབས་བཞིན་པ་འདི་དག་མཁྱེན་པ་གནང་གལ་ཆེའོ།།












2018/02/15

ལོ་གསར་གྱི་ལེགས་སྐྱེས། གཞས་གསར།


ལོ་གསར་ཚེས་སྐབས་འདིར་གཞས་གསར་ཆེས་ལེགས་པོ་འགའ་ཤས་ཐོན་པའི་གྲས་ནས་བརྙན་ལེན་སྒྲིག་སྦྱོར་སོགས་ཧ་ཅང་ཡག་པའི་གཞས་ཚོམ་འདིས་ལོ་གསར་བསུ།

2018/02/14

བོད་ས་ཁྱི་ལོའི་ལོ་གསར།


བོད་ས་ཁྱི་ལོའི་གནམ་ལོ་གསར་དུ་བཞེད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
_______སྲོང་བཙན་དྲ་བ།



2018/02/06

soundcloud ནས MP3 ཕབ་ལེན།


soundcloud ནས་བཀའ་སློབmp3 ཕབ་ལེན་བྱེད་ཐབས་སྐོར་བཤད་ཡོད།

  • གསུང་ཆོས་ཕབ་ལེན། 
  • བཀའ་སློབ་ཕབ་ལེན།
  • བོད་གཞས་ཕབ་ལེན། དེ་མིན་གྱི་གཞས་ཕབ་ལེན། 
  • རླུང་འཕྲིན་ཕབ་ལེན།

2018/02/05

སྦྲག་ཁང་བརྒྱུད་ཅ་དངོས་འབྱོར་ཡོད་མེད་འཚོལ་ཐབས།


རྒྱ་གར་གྱི་སྦྲག་ཁང་བརྒྱུད་ཅ་དངོས་བཏང་ཚར་དུས་ས་གནས་གང་དུ་སླེབས་མིན་དང་འཕྲོད་ཚར་མིན་ཞིབ་ལྟ་བྱེད་ཆོག

  • སྦྲག་ཁང་གི་དྲ་ཚིགས་སུ་འཇུག ndiapost.gov.in
  • ཨང་གྲངས་Number བར་སྟོང་དུ་ཁྱེད་ཀྱི་སྦྲག་འཛིན་ཐོག་ཏུ་CK*******INཨང་གྲངས་དགུ་ཅན་དེ་ནང་དུ་བླུགས།
  • གཏན་ཁེལ་གྱི་ཨང་གྲངས་དེ་Verificatioཟེར་བ་ནས་ཨང་གྲངས་དབྱིན་ཡིག་འདྲེས་མ་དེ་འོག་གི་བར་སྟོང་དུ་བྲིས།
  • Track Newཟེར་བ་མནན་དང་ས་གནས་གང་དུ་འབྱོར་མིན་ཐོན་ཡོང་།






PDFཤུགས་ཚད་ཆུང་དུ་གཏོང་ཐབས།



pdfརིགས་ཤུགས་ཚད་ཆེན་མོ་ཡོད་ན་དྲ་ངོས་སུ་འཇོག་དཀའ་བ་དང་དྲ་ཚིགས་རེ་འགར་200kbཉུང་བ་དགོས་ཞེས་ཚད་གཞི་བཟོས་ཡོད་པས་གནས་ཚུལ་འདི་འདྲ་འཕྲད་དུས་ཁྱེད་ཀྱི་pdfཆུང་ཚད་ཆུང་དུ་གཏོང་དགོས། ཐབས་ལམ་མང་པོ་ཡོད་རུང་ཀུ་ཤུ་Macནང་གི་མཉེན་ཆས་Previewབརྒྱུད་ཆུང་དུ་གཏོང་ཐབས་ཡོད་པ་དེ་གཤམ་དུ་པར་རིས་ནང་དུ་བཀོད་ཡོད།

  • རང་གི་PDFགློག་ཀླད་Macནང་གི་མཉེན་ཆས་Previwནང་དུ་ཁ་ཕྱེས།
  • གང་གི་སྡེ་ཚན་Fileནང་གི་Exportཐོག་ཏུ་མནོན།
  • Quartz filtelའདེམ་བྱང་ནས་Reduce File sizeའདེམས།
  • ཉར་ཚགས་Seveབྱོས་ན་ལེགས་གྲུབ་བྱུང་ཡོད།
  • པར་ཤུགས་ཚད་ཆུང་དུ་གཏོང་དགོས་ན་གཤམ་དུ་པར་རིས་བཀོད་པ་བཞིན་བྱེད་ཆོག










འདི་ནི་པར་ཤུགས་ཚད་ཆུང་དུ་གཏོང་ཐབས་ཡིན་པས་མདའ་རྩེ་བཏད་ས་དེ་ནས་ཕར་འཐེན་ཚུར་འཐེན་བྱེད་དང་གཤམ་གྱི་kbཆུང་དུ་གཏོང་ཐུབ།

2018/01/27

ཀུ་ཤུ་གློག་ཀླད་ནང་གི་previewམཉེན་ཆས་ཀྱི་བྱེད་ནུས།


ཀུ་ཤུ་གློག་ཀླད་ནང་གི་་previewམཉེན་ཆས་ཀྱི་བྱེད་ནུས་ཧ་ཅང་ཡག་པོ་རེ་གཉིས་ཡོད་པས་ཤེས་ན་ཕན་ཐོགས་ངེས་ཅན་ཡོད་རེད།
པར་བཟོ་བཅོས་དང་PDFབཟོ་བཅོས་ཐུབ་པ།

ཕབ་ལེན་མཉེན་ཆས།་free download manager


འདི་ནི་ལྟད་མོའི་རིགས་ཕབ་ལེན་བྱེད་ཐུབ་པའི་མཉེན་ཆས་ཡིན་པས་ཁྱེད་རང་གིས་ཚོད་ལྟ་གནང་ན་ཕན་ཐོགས་ཡོད་ངེས།
ཕབ་ལེན་བྱེད་པ་ཁག

youtube videos
facbook videos

web videos
videos mp3,image,file,soft སོགས་གང་འདོད་ཕབ་ལེན་བྱེད་ནུས།
དྲ་ཚིགས་ཡོད་ཚད་ཀྱི་ལྟད་མོ་རིགས་ཕབ་ལེན་མི་ཐུབ།

Mac Desktop Locked མདུན་ངོས་ལ་ཟྭ་རྒྱག་ཐབས།

ཀུ་ཤུ་གློག་ཀླད་གྱི་མདུན་ངོས་ཟྭ་བརྒྱབ་སྟེ་ཡིག་ཆ་རིགས་དོན་མེད་བསུབ་ནོར་མི་བྱེད་ཐབས།

macགློག་ཀླད་ནང་གིcutབྱེད་ཐབས།

ཀུ་ཤུ་གློག་ཀླད་ནང་དུ་ཡིག་ཆ་སོགས་cutབྱེད་ཐབས།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...