གློག་བརྙན་སྐད་གྲགས་ཅན་The Fate of The Furious 8 དྲ་ཐོག་ནས་རིན་མེད་དུ་བརྙན་ཚོདHD720pལྟ་ཐུབ་པས་ཁྱེད་ཀྱིས་གཤམ་གྱི་དྲ་སྣེ་བརྒྱུད་གཟིགས་རོགས། ཤེས་དགོས་པ་ཞིག་ལ་དྲ་ངོས་དེ་ནས་དྲ་དུག་ཤུགས་ཆེན་འགོས་སྲིད་པས་ཁྱེད་ཀྱི་གློག་ཀླད་ལ་དུག་འགོག་མཉེན་ཆས་ཚད་ལྡན་ཡོད་རྒྱུ་གལ་ཆེ། དྲ་དུག་འགོས་པའི་གནད་དོན་བྱུང་ཚེ་ངེད་ལ་འགན་འཁྲི་མེད།
2017/05/23
2017/05/19
པཎ་ཆེན་བཅུ་པ་ཆེན་པོ་དྲན་པ།
ངེད་ཅག་གི་སྐྱེས་ཆེན་དག་སྤྲུལ་པ་ཡང་སྤྲུལ་ཤ་སྟག་ཡིན་ཚུལ་བཤད་དེ་ཅི་མཛད་ཀུན་ལ་དག་སྣང་དང་གང་གསུངས་ཐམས་ཅད་ལ་འཁྲུལ་མེད་བཀའ་རྟགས་ཀྱི་ཕྱག་བརྒྱ་ཞིག་ཏུ་བཟུང་ནས་གཅིག་ལ་གཉིས་བཏགས་ཤིང་གཉིས་ལ་བཞི་འདོགས་ཏེ་མི་ནས་ལྷ་རུ་བཀུར་མྱོང་བ་ནི་སྔ་ཙམ་མ་ཟད་ད་ལྟའང་དེ་ཁོ་ནར་ཟད། འོན་ཀྱང་མིའི་རིགས་ཀྱི་ལོ་རྒྱུས་བྱུང་འཕེལ་དང་འགྲོ་བ་མིའི་ཁྲོད་ན་འོད་དུ་འཚེར་བའི་སྐྱེས་ཆེན་མི་ཉུང་བ་ཞིག་གི་ཞབས་རྗེས་ལ་བལྟས་ན་སྤྲུལ་པ་ཡང་སྤྲུལ་ཅི་ཡང་མིན་རུང་ཁྱད་དུ་འཕགས་པའི་མཛད་རྗེས་དང་སྨད་དུ་བྱུང་བའི་ཕྱག་རྗེས། བླ་ན་མཐོ་བའི་གསར་བཏོད་སྣ་ཚོགས་ཀྱིས་མིའི་རིགས་ལ་འོད་སྣང་སྦར་མྱོངས་བའང་མཇལ་དུ་ཡོད། མཚམས་རེ་རང་གིས་རང་ལ་ལན་འདེབས་མི་ནུས་པའི་འགལ་བ་ཅན་གྱི་དྲི་རྟགས་རེ་བྱུང་བ་ནི་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་དུ་གྲགས་པའི་ཁོང་ལྟ་བུ་འཆི་དུས་དུག་གིས་འཆི་བ་དང་གསོན་དུས་བཙོན་མུན་དུ་ཚུད་པ་འདི་ཅི་ཞིག་ཡིན་ནམ་སྙམ་དུས་རང་མགོ་གཡོགས་པའི་ལན་ཞིག་འདེབས་རྒྱུ་ཡོད་པ་ནི་ངེད་ཅག་གིས་བསོད་ནམས་ཀྱིས་མ་འཁྱོགས་སོ་ཞེས་མུན་ཁྲོད་ན་ལག་སྙོབས་བྱས་ཏེ་འདི་ལྟར་ལན་འདེབས་བྱེད་བཞིན་ཡོད།
པཎ་ཆེན་བཅུ་པ་ཆེན་པོ་ལྷ་རུ་བཀུར་མི་དགོས་པར་མི་ཞིག་གི་ཚད་ཤིང་དེ་བཏབས་ནས་བལྟས་རུང་ངེད་ཅག་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་མཛད་པ་བླ་མེད་བསྐྱངས་ཡོད་ཅིང་། མི་རིགས་ཤིག་འཆི་ཁ་ནས་བསྐྱབས་པའི་ནུས་པ་བླ་ལྷག་ཏུ་འདོན་མྱོང་བ་ནི་ངེད་ཅག་གིས་དྲན་འོས་པ་ཞིག་ལ་ནམ་ཡང་རྡོ་རིང་དུ་བརྐོས་ཏེ་སློང་དགོས་པ་ཞིག་ཡིན། ཁོང་ཉིད་ཞལ་བཞུགས་པའི་དུས་སྐབས་དེར་བོད་ཀྱི་མདོ་དབུས་ཁམས་གསུམ་དུ་ཆོས་ལུགས་སླར་གསོ་དང་སྐད་ཡིག་བདག་གཅེས། རིག་གཞུང་གཅེེས་འཛིན་སོགས་ལ་འབད་པ་ཆེས་ཆེར་མཛད་དེ་ཕྱོགས་གང་ས་ནས་བོད་མི་རིགས་ལ་རེ་བ་ཅུང་ཙམ་སྐྲུན་པའང་ཁོང་གི་ཐུགས་བསྐྱེད་ཉག་གཅིག་ལ་ལྟོས་ཏེ་བྱུང་བ་ཞིག་ཡིན།
འཆི་རྐྱེན་ཁ་མི་གསལ་བའི་ཆག་སྒོ་དེ་བྱུང་ཉིན་ནས་བོད་ཀྱི་མདོ་དབུས་ཁམས་གསུམ་ལ་ལམ་སྟོན་དང་དབུ་ཁྲིད་བྱེད་མཁན་མེད་པར་ཆགས་རྗེས་ཀྲུང་གོའི་ལག་པ་ཇེ་དམ་དང་བཙན་བཀའ་བཏང་བའི་སྐད་འགོ་ཇེ་ཆེར་སོང་ནས་བོད་ལ་ཕྱོགས་གང་ཐད་ནས་འཐོར་ཞིག་དང་སྔ་བཞིན་སྲ་བརྟན་ཞིག་འབྱུང་ཐབས་མེད་པར་གྱུར་སོང་། སྐབས་དེ་ནས་བཟུང་མི་རིགས་ཟུར་འབུད་དང་སྐད་ཡིག་ཉམས་ཆག་རིག་གཞུང་རྩ་གཏོར་བྱེད་ཚད་ཀྱང་ཇེ་མགྱོགས་སུ་སོང་ཡོད།
དེ་རིང་པཎ་ཆེན་བཅུ་གཅིག་པ་མཆོག་གི་འཁྲུངས་སྐར་ཡིན་ཟེར་རུང་ཁོང་ལ་ཆ་རྒྱུས་ཅི་ཡང་མེད་ཅིང་མཐའ་ན་སྐུ་པར་ཞིག་ལས་སྐུ་དངོས་མཇལ་མ་མྱོངས། ཁོང་ཕོ་ལོ27སོན་པའི་ཕོ་གཞོན་དར་མ་ཞིག་ཆགས་ཏེ་སྐུ་གོང་མ་བཞིན་དཔལ་སྟོབས་དང་སྙིང་རུས་ལྡན་ཞིང་། ཕོ་ཤེད་དང་བློ་ཁོག་ཆེ་བའི་དཔའ་རྒོད་ཅིག་ཡིན་ནམ། རྒྱ་སྐད་ལྷུག་ལྷུག་བརྒྱབ་པ་ལས་བོད་སྐད་སྣ་གཅིག་མི་གོ་བའི་རྒྱ་ཕྲུག་ཅིག་ཆགས་ཡོད་མིན་སུས་ཀྱང་བཤད་དཀའ་ཨང་། གང་ལྟར་ལྷན་སྐྱེས་ཀྱི་ཡོན་ཏན་ཞིག་ཡོད་སྲིད་ན་ལས་བོད་ཀྱི་ཆོས་རིག་ལ་ཅི་ཡང་ཆ་རྒྱུས་མེད་པའི་གླེན་པ་ཞིག་བཟོས་ཡོད་པ་ནི་བཤད་ཅི་དགོས། གཅིག་ཏུ་བྱས་ན་གུང་ཁྲན་ལ་མགོ་འདོགས་བྱས་པ་ལས་འཕག་འཚག་བརྒྱབ་ཐུབ་མཁན་ཞིག་མེད་ཀྱང་སྲིད། གང་ལྟར་ཁོང་ལ་རེ་བ་ཞིག་བརྒྱབ་ས་མེད་པའང་གསལ་པོ་གྱུར་ཟིན་ལ། ཁོང་ཉིད་མི་རིགས་ཤིག་གསོད་པའི་ལག་ཆ་ཞིག་མ་ཆགས་ན་འགྲིག་པ་རེད།
བསྟོད་པ་རིན་ཆེན་རྒྱ་མཚོ་མ།
སྐྱེ་མ་ཐག་ཏུ་གད་མོ་ཤོར་རབས་འདུག།།
ཉིན་གསུམ་རྗེས་ལ་སོ་ཡང་སྐྱེས་ཚུལ་གླེང་།།
བྱིས་པ་ཡིན་རུང་བྱིས་པའི་ཚུལ་མེད་པ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
འཇིག་རྟེན་སྲིད་པའི་འདམ་གྱིས་མ་གོས་པར།།
ཆུང་ནས་དགོན་གྱི་སྒོ་ཐེམ་ཞབས་ཀྱིས་བརྡར།།
ཆོས་སྒྲ་དབྱངས་དང་འགྲོགས་ནས་འཚར་བ་ཡི།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
རི་བོ་གོམ་པས་གཤག་བཞིན་ནུབ་ཏུ་བཞུད།།
ཆུ་བོའི་སྐེད་པ་བཅད་ཅིང་བྱེ་ཐང་དེད།།
ཉིན་མཚན་ཡུན་གྱིས་ཕ་ཡུལ་བསྐྱུར་ཏེ་སོང་།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
སློབ་གྲྭའི་རྡོ་སྐས་རྐང་སྣེས་ཐུག་པ་ནས།།
གནའ་དང་ད་ཡི་ཤེས་བྱའི་མེ་ཏོག་འཐུས།།
སྐད་གསུམ་སྦྱོང་ལ་སྨྲ་བའི་ལྗགས་ལྕེ་གྲོལ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
བསྡུས་གྲྭའི་རིགས་ལམ་དེ་ནས་དབུ་ཚུགས་ཏེ།།
གཞུང་ལུགས་རབ་འབྱམས་རང་ནུས་དཔྱད་ཅིང་མཐར།།
རབ་འབྱམས་པ་ཡི་ཕྱག་ཁྱེར་གསེར་ཡིག་འཐོབ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཕྱག་ཟུང་གསེར་གྱི་ཡལ་འདབ་གཡོ་ཙམ་ལ།།
རོ་བརྒྱ་བཅུད་ཀྱི་ཉིད་ཁུ་རབ་ཏུ་འབབ།།
སྣ་ཚོགས་ཟས་ཀྱི་བཀོད་པ་བཞེས་མཁས་པ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཕྱག་མཛུབ་གློག་གི་གར་སྟབས་འཁྱུག་ཙམ་ལ།།
དུས་རབས་ཚོན་གྱིས་བྲིས་པའི་རི་མོ་འབུས།།
པར་མིག་བརྙན་དུ་ཅི་ཡང་ལེན་མཁས་པ།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཨ་བྱང་གཉིས་ཀྱི་རྡུལ་མཚོན་གཡུལ་འཁྲུགས་ཀྱང་།
ཁྱེད་ཀྱི་ཕྱག་ཟུང་འཇིག་པར་མ་གྱུར་ན།།
ངེད་ཅག་སྐྱིད་ཀྱི་ཉི་མ་ནུབ་དོགས་མེད།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཁ་ཆེ་དམག་གི་གཏོར་བཅོམ་ཆེ་ཡང་རུང་།།
ཁྱེད་ཀྱི་བརྙན་མིག་གས་ཆགས་མ་ཐེབས་ན།།
ངེད་ཚང་རྟེན་འབྱུང་མཛད་སྒོ་དཀའ་བ་མེད།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཅི་མཛད་ལས་ལ་ཉེས་པའི་མ་གོས་ཤིང་།།
གང་བརྩམས་མཐའ་ཐག་འབད་པས་སྒྲུབ་མཁས་པ།།
རིན་ཆེན་རྒྱ་མཚོ་གང་དེར་ཕྱག་གི་ཡུལ།།
མི་ནུབ་བསྐལ་བརྒྱར་བརྟན་པར་བཞུགས་སུ་གསོལ།།
ཉིན་གསུམ་རྗེས་ལ་སོ་ཡང་སྐྱེས་ཚུལ་གླེང་།།
བྱིས་པ་ཡིན་རུང་བྱིས་པའི་ཚུལ་མེད་པ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
འཇིག་རྟེན་སྲིད་པའི་འདམ་གྱིས་མ་གོས་པར།།
ཆུང་ནས་དགོན་གྱི་སྒོ་ཐེམ་ཞབས་ཀྱིས་བརྡར།།
ཆོས་སྒྲ་དབྱངས་དང་འགྲོགས་ནས་འཚར་བ་ཡི།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
རི་བོ་གོམ་པས་གཤག་བཞིན་ནུབ་ཏུ་བཞུད།།
ཆུ་བོའི་སྐེད་པ་བཅད་ཅིང་བྱེ་ཐང་དེད།།
ཉིན་མཚན་ཡུན་གྱིས་ཕ་ཡུལ་བསྐྱུར་ཏེ་སོང་།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
སློབ་གྲྭའི་རྡོ་སྐས་རྐང་སྣེས་ཐུག་པ་ནས།།
གནའ་དང་ད་ཡི་ཤེས་བྱའི་མེ་ཏོག་འཐུས།།
སྐད་གསུམ་སྦྱོང་ལ་སྨྲ་བའི་ལྗགས་ལྕེ་གྲོལ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
བསྡུས་གྲྭའི་རིགས་ལམ་དེ་ནས་དབུ་ཚུགས་ཏེ།།
གཞུང་ལུགས་རབ་འབྱམས་རང་ནུས་དཔྱད་ཅིང་མཐར།།
རབ་འབྱམས་པ་ཡི་ཕྱག་ཁྱེར་གསེར་ཡིག་འཐོབ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཕྱག་ཟུང་གསེར་གྱི་ཡལ་འདབ་གཡོ་ཙམ་ལ།།
རོ་བརྒྱ་བཅུད་ཀྱི་ཉིད་ཁུ་རབ་ཏུ་འབབ།།
སྣ་ཚོགས་ཟས་ཀྱི་བཀོད་པ་བཞེས་མཁས་པ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཕྱག་མཛུབ་གློག་གི་གར་སྟབས་འཁྱུག་ཙམ་ལ།།
དུས་རབས་ཚོན་གྱིས་བྲིས་པའི་རི་མོ་འབུས།།
པར་མིག་བརྙན་དུ་ཅི་ཡང་ལེན་མཁས་པ།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཨ་བྱང་གཉིས་ཀྱི་རྡུལ་མཚོན་གཡུལ་འཁྲུགས་ཀྱང་།
ཁྱེད་ཀྱི་ཕྱག་ཟུང་འཇིག་པར་མ་གྱུར་ན།།
ངེད་ཅག་སྐྱིད་ཀྱི་ཉི་མ་ནུབ་དོགས་མེད།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཁ་ཆེ་དམག་གི་གཏོར་བཅོམ་ཆེ་ཡང་རུང་།།
ཁྱེད་ཀྱི་བརྙན་མིག་གས་ཆགས་མ་ཐེབས་ན།།
ངེད་ཚང་རྟེན་འབྱུང་མཛད་སྒོ་དཀའ་བ་མེད།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
ཅི་མཛད་ལས་ལ་ཉེས་པའི་མ་གོས་ཤིང་།།
གང་བརྩམས་མཐའ་ཐག་འབད་པས་སྒྲུབ་མཁས་པ།།
རིན་ཆེན་རྒྱ་མཚོ་གང་དེར་ཕྱག་གི་ཡུལ།།
མི་ནུབ་བསྐལ་བརྒྱར་བརྟན་པར་བཞུགས་སུ་གསོལ།།
2017/05/16
སྐྱེལ་མ།
ཐོག་མའི་རྟེན་འབྲེལ་ཇ་དང་དར་གྱིས་ཕྱེས།།
གཙུག་ཕུད་འབྲེག་བཏུབ་མིང་གསར་ཚིག་གིས་དྲངས།།
གྲྭ་ས་ཆེན་པོའི་སྒོ་ཐེམ་རེག་ཉིན་ནས།།
ངེད་ཅག་མཛའ་བའི་འཛིན་གྲོགས་མིང་གིས་བསྙེག
གསར་བུ་ཟེར་བའི་མགོ་ཐོམ་རི་ལྟར་སྤུངས།།
སྐད་བརྡ་མ་འཕྲོད་ལུང་སྐད་དུ་རུ་རུ།།
རྐ་བ་བུམ་པའི་རྩོད་འཐབ་མགོ་མ་ནས།།
ངེད་ཅག་གཤིབ་པའི་འཛིན་གྲོགས་སོ་མ་ཡིན།།
རིམ་བགྲོད་ལོ་དུས་ཕར་ཕར་སྐྱེལ་ཉིན་མོ།།
སེམས་མཐུན་མཛའ་བ་སྙིང་ལ་དལ་གྱིས་བརླན།།
ཐལ་ཕྱིར་ཕྲེང་བས་ཀུན་པོར་ལྷན་དུ་དེད།།
ངེད་ཅག་བར་ལ་མི་ནུབ་འཛིན་གྲོགས་མཆིས།།
འདུ་འབྲལ་འགྱུར་བ་དངོས་པོའི་གཤིས་སུ་གྲུབ།།
ཕྱོགས་སུ་གྲམ་པ་ལས་རླུང་བརྒྱུད་ཕྱོགས་བཞུར།།
ཤར་ནུབ་རུ་ཆུ་ཐག་གིས་སྐལ་ན་ཡང་།།
ངེད་ཅག་བར་ལ་འཛིན་གྲོགས་གསེར་ཟམ་ཡོད།།
ན་རྒས་ལུས་དཀྱོག་གཉེར་སུལ་ཐད་དུ་ལྟེབ།།
མིག་གི་རྒྱ་མོའི་དྭངས་ཤེལ་རྙིང་དུ་སོང་།།
སོ་ཐག་ཆད་པས་ཟས་ཀྱང་མིད་མིད་འཇུབ།།
རྒས་ཁ་དུས་ཀྱང་ངེད་ཅག་འཛིན་གྲོགས་ཡིན།།
སྐྱིད་སྡུག་མེ་ཏོག་དར་རྒུད་རེས་སུ་འཁོར།།
གཤིན་རྗེ་ཐག་ཞགས་སུ་དང་གང་ལ་ཐེབས།།
ཕྱི་མའི་ཡུལ་ནས་ཚེ་སྲོག་གསར་རྙེད་ཀྱང་།།
ངེད་ཅག་ཆོས་མཐུན་འཛིན་གྲོགས་ཞིག་པ་མེད།།
ད་ནང་ཞོགས་པ་ཉལ་གོས་འོག་ནས་འཛིན་གྲོགས་བོད་ལ་ཕེབས་མཁན་ཚོར་སྐྱེལ་མའི་ཚབ་ཏུ་བྲིས།
2015-3-5
གཙུག་ཕུད་འབྲེག་བཏུབ་མིང་གསར་ཚིག་གིས་དྲངས།།
གྲྭ་ས་ཆེན་པོའི་སྒོ་ཐེམ་རེག་ཉིན་ནས།།
ངེད་ཅག་མཛའ་བའི་འཛིན་གྲོགས་མིང་གིས་བསྙེག
གསར་བུ་ཟེར་བའི་མགོ་ཐོམ་རི་ལྟར་སྤུངས།།
སྐད་བརྡ་མ་འཕྲོད་ལུང་སྐད་དུ་རུ་རུ།།
རྐ་བ་བུམ་པའི་རྩོད་འཐབ་མགོ་མ་ནས།།
ངེད་ཅག་གཤིབ་པའི་འཛིན་གྲོགས་སོ་མ་ཡིན།།
རིམ་བགྲོད་ལོ་དུས་ཕར་ཕར་སྐྱེལ་ཉིན་མོ།།
སེམས་མཐུན་མཛའ་བ་སྙིང་ལ་དལ་གྱིས་བརླན།།
ཐལ་ཕྱིར་ཕྲེང་བས་ཀུན་པོར་ལྷན་དུ་དེད།།
ངེད་ཅག་བར་ལ་མི་ནུབ་འཛིན་གྲོགས་མཆིས།།
འདུ་འབྲལ་འགྱུར་བ་དངོས་པོའི་གཤིས་སུ་གྲུབ།།
ཕྱོགས་སུ་གྲམ་པ་ལས་རླུང་བརྒྱུད་ཕྱོགས་བཞུར།།
ཤར་ནུབ་རུ་ཆུ་ཐག་གིས་སྐལ་ན་ཡང་།།
ངེད་ཅག་བར་ལ་འཛིན་གྲོགས་གསེར་ཟམ་ཡོད།།
ན་རྒས་ལུས་དཀྱོག་གཉེར་སུལ་ཐད་དུ་ལྟེབ།།
མིག་གི་རྒྱ་མོའི་དྭངས་ཤེལ་རྙིང་དུ་སོང་།།
སོ་ཐག་ཆད་པས་ཟས་ཀྱང་མིད་མིད་འཇུབ།།
རྒས་ཁ་དུས་ཀྱང་ངེད་ཅག་འཛིན་གྲོགས་ཡིན།།
སྐྱིད་སྡུག་མེ་ཏོག་དར་རྒུད་རེས་སུ་འཁོར།།
གཤིན་རྗེ་ཐག་ཞགས་སུ་དང་གང་ལ་ཐེབས།།
ཕྱི་མའི་ཡུལ་ནས་ཚེ་སྲོག་གསར་རྙེད་ཀྱང་།།
ངེད་ཅག་ཆོས་མཐུན་འཛིན་གྲོགས་ཞིག་པ་མེད།།
ད་ནང་ཞོགས་པ་ཉལ་གོས་འོག་ནས་འཛིན་གྲོགས་བོད་ལ་ཕེབས་མཁན་ཚོར་སྐྱེལ་མའི་ཚབ་ཏུ་བྲིས།
2015-3-5
ཏྲེ་ཧོར་ཡུལ་སྐད་ནང་གི་ཐ་སྙད་རེ་ཟུང་།
རྣམ་པ་ཚོས་མཆན་ཡིག་ཏུ་བཀོད་པའམ་སྒེར་གྱི་གློག་འཕྲིན་ཐོག་ཏུ་ཏྲེ་ཧོར་ཡུལ་གྱི་ཐ་སྙད་དང་འགྲེལ་བཤད་སོགས་གཏོང་ཐུབ་ན་དགའ་བསུ་ཞུ།
ཀ
ཀ་ནི་ཀི་ནི།
ཀ་ནི་ཀི་ནི་བཟོ་མ་འདུག་མགྱོགས་པོར་བྱོས།
ལས་ཀ་སོགས་འགོར་པོར་བྱེད་པ།
ཀ་ར་ཀོ་རེ།
ཀ་ར་ཀོ་རེ་ཅི་བཤད་འདུག
ཐད་ཀར་མ་བཤད་པར་ཉ་ཉོག་མང་པོ་བཤད་པ། ལས་ཀ་སོགས་འགོར་པོ་བྱེད་པ།
ཀྲོག་ཀྲོག།
མི་ཀྲོག་ཀྲོག་ཅིག་འདུག
ཡིན་མདོག་གི་བཟོ་ལྟ་སྟོན་པ།
སྐེ་ཚ་ཚ་ལྦུ་བ་ནར་ནར།
སྐེ་ཚ་ཚ་ལྦུ་བ་ནར་ནར་བཤད་ཡོད།
མང་པོ་བཤད་པའི་དོན། ཡང་ཡང་བཤད་པའི་དོན།
བསྐྱུར་ཤོག
སྐད་ཆ་དེ་བསྐྱུར་ཤོག
སྐད་ཆ་དང་ལས་དོན་མཚམས་འཇོག་པ།
ཁ
ཁ་ཡག
ཁ་ཡག་བཤད་མ་འདུག
སྤེལ་ལད་བཤད་པ། ཁ་མཁས་འདྲ་ཆགས་བྱེད་པ།
ཁ་ལྕེ་རྣོན་པོ།
མི་ཁ་ལྕེ་རྣོན་པོ་ཞིག་འདུག
ཁ་བདེ་ལ་ལྕེ་རྣོ་བ། བཤད་མཁས་པ།
ཁ་ངན་ཚིག་ངན།
མི་ལ་ཁ་ངན་ཚིག་ངན་མ་སྦྱིན།
ཚིག་ངན་ལབ་པ།
ཁ་ནག
མི་ཁ་ནག་ཅིག་འདུག
མི་བཀྲ་མི་ཤེས་པ། ཅི་བྱའ་ལམ་དུ་མི་འགྲོ་མཁན།
ཁ་འཕྲོ་འཆའ།
མིའི་ཁ་འཕྲོ་འཆའ་མ་འདུག
མིའི་སྐད་ཆ་བསྐྱར་བཤད། སྐད་ཆ་ལ་ལད་ཟློས་བྱེད་པ།
ཁ་མ་དགེ་དགོས་རྒྱུ།
ཁྱེད་ཁ་མ་དགེ་དགོས་རྒྱུ་ཞིག་འདུག
ཁ་མི་དྲོ་བ། བཀྲ་མི་ཤེས་པ།
ཁ་བའི་ལུགས་ཟད།
མི་ཁ་བའི་ལུགས་ཟད་གཅིག་འདུག
མི་སྤྱོད་ངན། ངན་དགུ་ཚང་བ།
ཁ་ཕོ་རུས། མགོ་རྣ་བ།
མི་ཞིག་ཡིན་ན་ཁ་ཕོ་རུས་དང་མགོ་རྣ་བ་ཡོད་དགོས།
གཞན་གྱི་མདུན་དུ་མགོ་རྣ་ཁུར་དགོས་པའི་དོན།
ཁ་རྒན་བསམ་ཡོད།
མི་ཁ་རྒན་བསམ་ཡོད།
ན་ཚོད་རྒས་ཤིང་བསམ་བློ་གཏོང་ཤེས་པ།
ཁ་མཐུན།
ཁ་མཐུན་ན་རྐུ་ལེན།
འཆམ་པོ་དགོས་པ། གྲོས་ཁ་འཆམ་པ།
ཁ་རྗེ་དབང་ཐང་།
ཁ་རྗེ་དབང་ཐང་ཚང་མ་ཤོར་སོང་།
དབང་ཆ་ཐོབ་ཐང་ལོངས་སྤྱོད་སོགས་འཛོམས་པ།
ཁ་འཁོབ་པོ།
མི་ཁ་འཁོབ་པོ་ཞིག་འདུག
ཁ་ལྕེ་བདེ་མོ་མིན་པ། བཤད་མི་ཤེས་མཁས་པ།
ཁ་ཁུར་པོ་གཟུགས་སྐྱེ་བ།
མི་འདི་ཁ་ཁུར་པོ་གཟུགས་སྐྱེ་བ་བཤད་དགོས་ས་མེད།
ཁ་ངོ་བཟང་ལ་གཟུགས་པོ་ཡག་པ། སྐྱེ་ཁུངས་གཙང་བ།
ཁ་རུ་ངོ་མདོག
ཕྱིའི་ཁ་རུ་ངོ་མདོག་ལ་མ་བལྟ།
ཕྱིའི་ཁ་ངོ་གཙོག་པོ། ཁ་འཐབ་སྐྱོ་པོ།
ཁ་ལད།
མི་ཆུང་ཆུང་ཁ་ལད་བཤད་མ་འདུག
འུད་ཤོབ་བཤད་པ། མེད་ནའང་ཡོད་ཟེར་ནས་རྫུན་ངོམ་བྱེད་པ།
ཁ་རྒྱགས་པ།
ཁ་རྒྱགས་པ་བཤད་མ་འདུག
ཁ་ནས་གང་འདོད་རྫིག་གཏམ་བཤད་པ།
ཁ་རྒྱགས་ཁོག་སྟོང་།
མི་ཁྱེད་ཁ་རྒྱགས་ཁོག་སྟོང་ཞིག་རེད་འདུག
ཁ་ནས་རྫིག་པོ་བཤད་རུང་དོན་ལ་ལག་ལེན་པ།
ཁ་རུ་ཁ་ཐུག
མི་ཁོ་ཁ་རུ་ཁ་ཐུག་རེད།
གང་བསམ་པ་ཐད་ཀར་བཤད་མཁན།
ཁ་སུ་མགྱོགས།
ཁ་སུ་མགྱོགས་བཟོ་མ་འདུག
བཤད་རེས་ཉན་རེས་མེད་པར་ཁ་སུ་མགྱོགས་ལྟ་བུས་བཤད་པ།
ག
ག་ཤེད།
ག་ཤེད་ཅིག་ལ་འཆམ་འགྲོ
ས་ཆ་ག་གེ་མོ་ཞིག། ངོས་བཟུང་མེད་པ།
ག་གཏོང་གོ་ཆོད།
མི་ག་གཏོང་གོ་ཆོད་ཅིག་ཡོད།
གང་ན་བཏང་རུང་ལས་དོན་སྒྲུབ་ཐུབ་མཁན།
གང་ངན་གང་སྡུག
མི་དེ་ལ་གང་ངན་གང་སྡུག་བཤད་རྒྱུ་འདུག
མི་དེ་ལ་གང་ངན་གང་སྡུག་ཡོང་སོང་། གང་ངན་གང་སྡུག་བྱས་སོང་།
གང་ཐད་ཅི་ཐད།
གང་ཐད་ཅི་ཐད་ནས་རོགས་པ་བྱོས།
གང་ཐད་ཅི་ཐད་ནས་ཡག་པོ་བྱུང་། ག་ས་གང་ནས་ཞེས་པའི་དོན།
གད་དིག
མི་གད་དིག་ཅིག་འདུག གད་དིག་པོ།
མི་སེར་སྣ་ཚ་པོ།
ང
མངགས་བཀའ་འགྲོ་པོ།
མི་མངགས་བཀའ་འགྲོ་པོ་ཞིག་འདུག
མངགས་བཞག་ན་གང་ན་འགྲོ་ཐུབ་མཁན།
ངུ་ཁ་ལ་ལུག
ངུ་ཁ་ལ་ལུག་ནས་འདུག་མ་སྡོད།
ངུ་གྲབས་བྱེད་ནས་འདུག་མཁན། ངུ་རྒྱུ་འབེལ་པོ།
ངུ་ལུགས་ཡག
བུ་ངུ་ལུགས་ཡག་ཅིག་འདུག
ཡང་སེ་ངུ་བའམ། ངུ་ཆོག་ཆོག་ལྟ་བུ།
ངུ་ལ་དགོད།
ངུ་ལ་དགོད་བྱས་སོང་།
ངུ་བཞིན་པའི་སྐབས་དགོད་བྱུང་བ།
རྔན་པ་མ་བསྟེར་ནས་ངུ་སྒོང་ལ་བསྟེར་མ་ཐག་དགོད་བྱུང་བ་ལྟ་བུ།
ངོ་ཡོད་མཁན།
མི་ངོ་ཡོད་མཁན་ཞིག་འདུག ངོ་ཡོད་མཁན་བཟོས།
ཕར་རོགས་རམ་བཟོ་དུས་དྲིན་ཚོར་མཁན།
གཞན་ལ་ལས་ཀ་སོགས་བྱེད་དུས་ཕ་རོལ་པོའི་ཡིད་ཁ་གང་བར་བྱེད་པ།
ངོ་ཐུག་ངོ་རྒྱག
ངོ་ཐུག་ངོ་རྒྱག་བཟོས་ཏེ་བཤད་དགོས།
ཕན་ཚུན་གདོང་བཏུགས་ནས་ར་སྤྲོད་བྱེད་པ།
ང་འགྲོ་ཁོ་འགྲོ
ཚང་མ་ང་འགྲོ་ཁོ་འགྲོ་རེད་འདུག
ལས་དོན་ཆེད་འགྲོ་རྒྱུ་འཚང་ཀ་ཡོད་པ།
དམག་ལ་ང་འགྲོ་ཁོ་འགྲོ་བྱས་སོང་།
ང་ཡིན་ཁོ་ཡིན།
བཤད་དུས་ང་ཡིན་ཁོ་ཡིན་རེད་འདུག
རང་རང་གིས་བཤད་རྒྱུར་འཚང་ཀ་བྱས་པ།
ང་མིན་ཁོ་མིན།
ལས་ཟེར་དུས་ང་མིན་ཁོ་མིན།
ཟ་ཟེར་དུས་འཚང་ཀ་ཤིག་ཤིག
ང་རབས། ངེད་རབས།
ང་རབས་ལ་རྟ་མང་པོ་ཡོད།
ང་ཚོ་ཞེས་པའི་དོན། གྲོང་པ་དང་སྡེ་པ། ཡུལ་ཕྱོགས་སོགས་ལ་གོ་བ་ལས། ཁྱིམ་གཅིག་ལ་བཤད་པའི་སྐབས་ཀྱི་ང་ཚོ་ལ་རྟ་ཡོད་ཅེས་པར། ང་རབས་ལ་རྟ་ཡོད་མི་ཟེར།
ང་རིགས་བཅས། ང་བཅས།
ང་རིགས་བཅས་པ་སླེབས་ཡོང་། ང་བཅས་སླེབས་ཡོང་།
ང་ཚོ་ཚང་མ་ཞེས་པའི་དོན། (ཁ་ཤས་ཀྱིས་རིགས་གཅིག་པ་ཞེས་འབྲི།)
ང་རིགས་ཚང་།
ང་རིགས་ཚང་འགྲོ ཁོ་རིགས་ཚང་སྐྱུར་ཤོག
ང་རང་ཚོ་ཞེས་པའི་དོན།
ངུ་རྡུང་།
ཨ་མས་ངུ་རྡུང་སྤྲོད་བྱུང་།
ངུས་ནས་ཞུ་བ་བྱས་པ། བུ་ཁ་ལ་མི་ཉན་དུས་ཨ་མས་ངུ་རྡུང་སྤྲོད་པ།
ངུ་ནས་འཛིང་པ། མནའ་མས་ངུ་རྡུང་སྤྲོད་ཐོས།
ངུ་ཤར་རྒྱག
ཨ་མས་ངུ་ཤར་བརྒྱབ་སོང་།
ཚང་མའི་གོ་བར་བྱས་ཏེ་ངུ་ནས་སེམས་སྡུག་དང་ཞུ་བ་བྱས་པ།
ངོ་འགྲོ་ཡོད་མི།
མི་ངོ་འགྲོ་ཡོད་མི་ཞིག་འདུག
ངོ་ཤེས་མང་བ། ངོ་ཡག་པོར་ཤེས་པ།
ངོ་ཤེས་ཤེས་རྒྱུས་ལོན་ལོན།
ངོ་ཤེས་ཤེས་རྒྱུས་རྒྱུས་ལོན་ལོན་བཟོ་མ་ཡོང་།
ངོ་ཡག་པོ་ཤེས་དུས་རྒྱུས་ལོན་མདོག་བྱེད་པ།
ངོ་རྩིས་ལེན།
ངོ་རྩིས་ལེན་ནས་ཨེ་ཚང་ལྟོས།
མི་ངོ་ཡོད་ཨེ་འདུག་གིས་རྩིས་ལེན་པ།
ངོ་མ་ཆེ།
ངོ་མ་ཆེ་བཤད་ལེ་ཡིན།
དངོས་གནས་དྲང་གནས་ཀྱི་དོན།
2017/05/15
སྐད་འཕྲིན་གཉིས་པ་ཞིག་ཕབ་ལེན།
འདི་ནི་དུས་རྒྱུན་བེད་སྤྱོད་བྱེད་བཞིན་པའི་སྐད་འཕྲིན་དེ་དང་གཅིག་མཚུངས་ཤིག་ཡིན་ལ་འདིའི་དགེ་མཚན་ནི་ཁྱེད་ཀྱི་ཁ་པར་དུ་ཁ་བྱང་མི་འདྲ་བ་གཉིས་ཀྱི་ཐོག་ནས་སྐད་འཕྲིན་གཉིས་བེད་སྤྱོད་གཏོང་ཆོག་པ་ཞིག་ཡིན། དུས་རྒྱུན་ཁ་བྱང་གཉིས་ཡོད་མཁན་ཚོས་གཅིག་ཕྱེ་དུས་གཞན་དེ་ཁ་རྒྱབ་དགོས་པའི་དཀའ་ངལ་འདིས་སེལ་ཡོད། ཕབ་ལེན་ཚར་རྗེས་ནང་འཇུག་བྱེད་སྟངས་མི་འདྲ་ཅུང་ཡོད་པས་གཤམ་དུ་པར་རིས་ལམ་ནས་བསྟན་ཡོད།
2017/05/08
བོད་རྒྱ་ཡིག་སྒྱུར་མཉེན་ཆས་གཉིས།
ཉི་འོད་བོད་རྒྱ་ཡིག་སྒྱུར་མཉེན་ཆས་དང་སྟབས་བདེ་ཡིག་སྒྱུར་ཨེ་མ་ཧོ།
བོད་ལྗོངས་སློབ་ཆེན་གྱིས་དེ་སྔ་ནས་དྲ་ཐོག་ཏུ་རྒྱ་བོད་ཡིག་སྒྱུར་མ་ལག་གཅིག་གསར་བཟོ་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་མིང་ཚིག་ཙམ་མིན་པར་ཚིག་གྲུབ་ཐུང་ངུ་རིགས་ཕན་ཚུན་བསྒྱུར་པའི་ལས་གཞི་གསར་པ་ཞིག་གི་གོམ་སྟོབས་ཆེན་པོ་ཞིག་སྤོས་འདུག སྒེར་དང་ཞོར་ལས་ཙམ་མིན་པར་སློབ་ཆེན་དེ་གའི་སྡེ་ཁག་ནས་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་སྟབས་ཚ་ཚ་འུར་འུར་ངང་རྣམ་གྲངས་ཁག་ལ་ཞིབ་འཇུག་དང་ཁ་སྣོན་བཟོ་བཅོས་བྱེད་བཞིན་འདུག་པས་ཧ་ཅང་མགྱོགས་པའི་ངང་འཐུས་སྒོ་ཇེ་ཚང་ཆགས་རྒྱུ་ནི་བཤད་ག་ལ་དགོས། ད་ཆར་དྲ་ངོས་ཙམ་མིན་པར་androidདང་iOS མ་ལག་གཉིས་ཀྱི་ཐོག་ཏུ་མཉེན་ཆས་བཟོས་ཏེ་ཁ་པར་སོགས་སུ་བེད་སྤྱོད་གཏོང་ཆོག་པ་ཆགས་འདུག
དྲ་གནས། http://mt.utibet.edu.cn/
ཀུ་ཤུ་པར་གཞི། https://appsto.re/in/CcEdib.i
ཨེ་མ་ཧོ་སྟབས་བདེ་ཡིག་སྒྱུར་ནི་སྐད་འཕྲིན་ཐོག་ནས་བོད་རྒྱ་ཡིག་སྒྱུར་བྱེད་ཐུབ་པའི་བྱེད་ནུས་ཅན་ཞིག་རེད། མཚོ་སྔོན་ཨེ་མ་ཧོ་བཟོ་ཚོང་ཁང་གིས་ལས་གཞིའི་རྣམ་གྲངས་སུ་སྤེལ་བའི་ཨེ་མ་ཧོ་སྟབས་བདེ་ཡིག་སྒྱུར་ནི་མིང་ཚིག་དང་ཚིག་གྲུབ་ཀྱང་ལེགས་པོར་སྒྱུར་ཐུབ་པའི་གལ་ཆེའི་བྱེད་ནུས་ཅན་ཞིག་ཆགས་འདུག
སྤྱིར་སྟེགས། amahoo22
ལས་གཞིའི་རྣམ་གྲངས་འདི་ཚོ་ཡོངས་སུ་འཐུས་སྒོ་ཚང་བ་ཞིག་ཆགས་མེད་ནའང་བོད་ཀྱི་སྐད་ཡིག་དེ་དབྱིན་ཡིག་བཞིན་ཡིག་སྒྱུར་བཟོ་ཐུབ་པ་དང་འབྲི་མི་དགོས་པར་ངག་ལམ་ནས་འདོན་བཞིན་ཡིག་ཐོག་ཏུ་ཕབ་ཐུབ་པའི་ཚོད་ལྟའི་གོམ་པ་དངོས་སུ་སྤོ་བ་ཞིག་ཆགས་ཡོད་པས་རིམ་བཞིན་ཉམས་མྱོང་རིམ་གསགས་དང་ཐབས་ལམ་སྣ་ཚོགས་སྤྱད་དེ་བརྡ་འཕྲིན་གྱི་དུས་རབས་སུ་བེད་སྤྱོད་བྱ་མི་ཐུབ་པའི་སྐད་ཡིག་གི་གནས་བབ་ལས་སྐྱབས་ཐུབ་པའི་གྲུབ་འབྲས་བཟང་པོ་དེ་མངོན་འགྱུར་ཡོང་རེ་ཤིན་ཏུ་ཆེ།
གླུ་གཞས་མཉེན་ཆས་gaana
དབྱིན་གཞས་དང་ཧིན་གཞས་ཉན་རྒྱུ་དགའ་མཁན་ཚོས་gaanaཞེས་པའི་མཉེན་ཆས་དེ་ཕབ་ལེན་བྱོས་དང་གླུ་གཞས་མཉེན་ཆས་གཞན་ལས་ཡག་པ་འདྲ་ཞིག་འདུག དྲ་བ་སྤྱད་དེ་ཐད་ཀར་ཉན་རྒྱུ་ཚད་བཀག་གང་ཡང་མི་འདུག་མོད་ཕབ་ལེན་བྱེད་དགོས་ན་རིན་སྤྲོད་དེ་མ་ཉོ་ན་ཕབ་ལེན་བྱེད་མི་ཐུབ། མ་གཞི་ཀུ་ཤུ་ཁ་པར་རིགས་ལ་Musicནང་དུ་གླུ་གཞས་ལེགས་པོ་དེ་འདྲ་ཡོད་རུང་རིན་སྤྲོད་ནས་མ་ཉོས་ཚེ་ཉན་མི་ཐུབ། Google musicནང་ནས་རིན་མེད་ངང་གླུ་གཞས་ཉན་ཐུབ་ནའང་དེ་ཙམ་གླུ་གཞས་ཕུན་སུམ་ཚོགས་པ་ཞིག་མི་འདུག
གློག་ཀླད་པར་གཞི gaana.com
ཀུ་ཤུ་པར་གཞི་ios ཕབ་ལེན།Donwload
ཨན་ཌོ་པར་གཞི android ཕབ་ལེན།Donwload
ཁམས་སྐད་ལྟད་མོའི་དྲ་སྣེ།
ཁམས་པའི་བརྙན་འཕྲིན་ཁང་གིས་སྒྲ་སྦྱོར་བྱས་པའི་ཁམས་སྐད་ཅན་གྱི་རྒྱ་ནག་གི་གློག་བརྙན་ལེའུ་ཅན་ཕབ་ལེན་དང་ལྟ་འདོད་ཡོད་ཚེ་ཁམས་པའི་བརྙན་འཕྲིན་ཁང་གི་དྲ་ངོས་ནས་ལྟ་ཆོག དྲ་ངོས་ཀྱི་ཚན་པ་རོལ་རྩེད་ཞེས་པ་ནས་འཇུག་ན་ལྟད་མོ་གང་མང་ལྟ་ཐུབ་པ་མ་ཟད་ཕབ་ལེན་ཀྱང་བྱེད་ཆོག
ཁམས་པའི་བརྙན་འཕྲིན།
གློག་བརྙན་ཚན་པ་གཅིག་ཅན། གློག་བརྙན།
གློག་བརྙན་ལེའུ་ཅན། བརྙན་འཕྲིན་ཟློས་གར།
བྱིས་པའི་ལྟད་མོ། འགུལ་རིས་བརྙན་ཕབ།
དངོས་བཤུས་ལྟད་མོ། དངོས་ཟིན་བརྙན་ཕབ།
གློག་བརྙན་གསར་པ་Logan 2017
གློག་བརྙན་འདི་ནི་ད་ལོའི་གསར་དུ་ཐོན་པའི་ཆེས་ལེགས་པའི་གློག་བརྙན་ཞིག་ཡིན། ཁྱེད་ཀྱིས་བརྙན་ཚད་HD1080pཅན་གྱི་གློག་བརྙན་འདི་རིན་མེད་ཐོག་ནས་ལྟ་འདོད་ཡོད་ཚེ་གཤམ་གྱི་ད་སྣེ་ནས་འཇུག་རོགས། ཤེས་དགོས་པ་ཞིག་ལ་དྲ་ངོས་དེ་ནས་དྲ་དུག་ཤུགས་ཆེན་འགོས་སྲིད་པས་ཁྱེད་ཀྱི་གློག་ཀླད་ལ་དུག་འགོག་མཉེན་ཆས་ཚད་ལྡན་ཡོད་རྒྱུ་གལ་ཆེ། དྲ་དུག་འགོས་པའི་གནད་དོན་བྱུང་ཚེ་ངེད་ལ་འགན་འཁྲི་མེད།

ཕྱི་ལོ་2017ལོའི་གློག་བརྙན་གསར་པ། མི་རྒོད།
ཕྱི་ལོ་2017ལོའི་གློག་བརྙན་གསར་པ་མི་རྒོད་ཀྱི་གློག་བརྙནKong Skull lslandཞེས་པ་འདི་ཁྱེད་ཀྱིས་བལྟས་ཨེ་མྱོངས། ཁྱེད་ཀྱིས་དྲ་ཐོག་ནས་རིན་མ་སྤྲོད་པར་ལྟ་ཐུབ་པ་དང་ཡང་ན་འདྲ་བཤུས་བཟོས་པ་ཞིག་ལས་ལྟ་ཐུབ་ཡོད་མི་སྲིད། གལ་ཏེ་ཁྱེད་ཀྱིས་ལྟ་འདོད་ན་HD720pཅན་གྱི་བརྙན་གཙང་མ་ཞིག་ལྟ་ཐུབ། གཤམ་དུ་དྲ་སྣེ་དེ་ལས་ཁྱེད་ཀྱིས་མི་རྒོད་ཀྱི་གློག་བརྙན་འདི་རིན་མེད་ཐོག་ལྟ་ཆོག ཤེས་དགོས་པ་ཞིག་ལ་དྲ་ངོས་དེ་ནས་དྲ་དུག་ཤུགས་ཆེན་འགོས་སྲིད་པས་ཁྱེད་ཀྱི་གློག་ཀླད་ལ་དུག་འགོག་མཉེན་ཆས་ཚད་ལྡན་ཡོད་རྒྱུ་གལ་ཆེ། དྲ་དུག་འགོས་པའི་གནད་དོན་བྱུང་ཚེ་ངེད་ལ་འགན་འཁྲི་མེད།
ཕྱི་སྡོད་བོད་རིགས་ཚོས་བོད་ཡིག་མ་སྦྱོང་ན་ཆོག
(རྩོམ་ཡིག་འདིས་སྐད་ཡིག་དེ་ཉིན་རྒྱུན་འཚོ་བའི་ནང་བེད་སྤྱོད་ཡོང་ཐབས་ཤིག་བྱེད་མ་ཐུབ་ན་འཇིག་ཉེན་ཡོད་པ་དང་མི་རབས་རྗེས་མ་ཚོས་སྐད་ཡིག་འདོར་སྲིད་པའི་ཉེན་ཁའི་རང་བཞིན་གླེང་ཡོད།)
བོད་ཀྱི་ནང་བསྟན་ལ་སློབ་གཉེར་བྱེད་མི་ཐུབ་པའི་བོད་རིགས་ཚོས་བོད་སྐད་ཙམ་མ་བརྗེད་ན་དེས་འགྲིག དེ་མིན་བོད་ཀྱི་སྐད་ཡིག་ནང་དུ་འཚོ་གནས་ལ་ཕན་པའི་ཆ་ཞིག་ཧ་ལམ་མེད། དེ་ལས་ཁྱེད་ཚོས་དབྱིན་དང་རྒྱ་ཡིག་སྦྱོངས་དང་ཉིན་རེའི་བྱ་བཞག་གི་དགོས་མཁོ་སྐོང་ཐུབ།
སྐད་ཡིག་ཅེས་པ་དེ་ཐོག་མ་བྱུང་དོན་ཡང་འཚོ་གནས་ཀྱི་དགོས་མཁོ་ཆེད་རེད། སྐད་ཡིག་གང་ཞིག་གིས་འཚོ་གནས་ཀྱི་དགོས་མཁོ་ལ་ཕན་ཐོགས་ཆེ་བ་སྐྲུན་ཐུབ་ན་དེ་ཉིད་ལ་འཇུག་དགོས། ངེད་ཅག་ཆོས་ཀྱི་ཕ་ཡུལ་དང་ཆོས་ལུགས་སྣ་མང་གི་ཕ་ས་རྒྱ་གར་ལྟ་བུས་ཀྱང་ཧིན་དྷིའི་སྐད་ཡིག་ལས་དབྱིན་སྐད་ཀྱིས་འཚོ་གནས་ལ་ཕན་ཐོགས་ཆེ་བ་མཐོང་ནས་སྤྱི་ཚོགས་སུ་ཧིན་སྐད་ལས་དབྱིན་སྐད་སྤྱད་ཆེ་བ་ཡོད།
དབྱིན་ཇི་སྐད་ཡིག་འདི་རྒྱལ་ཁབ་མང་པོ་ཞིག་གི་ནང་མ་སྐད་ཚུལ་དུ་སྤྱོད་བཞིན་ཡོད་ལ། དེ་ནི། དཔེར་ན། Australia, New Zealand, Canada, South America, སོགས་དང་དེ་བཞིན་རྒྱ་གར་དང་ Caribbean སོགས་ཀྱི་ནང་དུའང་དར་ཁྱབ་ཆེན་པོ་ཡོད། ཁོ་ཚོའི་མི་རིགས་ཀྱི་ངོ་བོ་བརླགས་ནས་སུ་ཡང་དབྱིན་ཇི་མི་རིགས་ཆགས་མེད་ན་ངེད་ཅག་གིས་དབྱིན་སྐད་སྤྱད་ན་ནམ་ཡང་དབྱིན་ཇི་མི་རིགས་ཆགས་དོན་མེད།
དུས་དེང་སང་བཀྲས་མཐོང་ལྷ་སྒྲོན་སོགས་བོད་ཀྱི་མི་རབས་གསར་པ་ཆེས་མང་པོ་ཞིག་ནི་ངེད་ཅག་བོད་ཀྱི་སྐད་ཡིག་ཐར་ཐོར་ཤེས་མི་དག་ལས་བོད་ལ་སེམས་ཤུགས་དང་ལ་རྒྱ་ཆེ་ཞིང་། མི་རིགས་ཀྱི་དོན་དུ་ཕྱག་ལས་ཀྱང་ངེད་ཅག་ལས་སྟོང་འགྱུར་གྱི་ཆེ་བ་ལས་བཞིན་པ་མ་མཐོང་ངམ། ངེད་ཅག་བོད་ཀྱི་སྐད་ཡིག་ཤེས་པས་བོད་མི་གསོན་པོ་ཞིག་ཡིན་མདོག་དང་ཁོ་ཚོས་བོད་སྐད་མི་ཤེས་པས་བོད་མི་ཕྱེད་ཀ་ཡིན་ཚུལ་བཤད་པ་ནི་དགོད་བྲོ་བ་ཞིག་མི་འདུག་གམ།
ལམ་ལྷོང་མ་བྱུང་བའི་མར་ཁེ་སིའི་སྐད་ཆ་སྙིང་པ་ཞིག་བསྐྱར་ཟློས་ཡང་ཟློས་བྱས་ཏེ་ད་རུང་ཡང་གླེང་བཞིན་ཡོད། མར་ཁེ་སི་ལ་འདི་འདྲ་ཡིད་ཆེས་བྱེད་མཁན་བོད་མི་ཙམ་ལས་ཧ་ལམ་མེད་ཚོད་རེད། མར་ཁེ་སིས་དམག་ཤོག་དར་སྤེལ་གྱི་ཧམ་པ་དེས་སྡོམ་ཚིག་བེད་མེད་རེ་འགའ་བཞག་ཡོད་ལ་ལམ་སྟོན་ནོར་བ་མང་པོ་ཞིག་བཞག་ཡོད། འདི་ལ་ཤི་འཐོམ་རོ་འཐོམ་བྱེད་མཁན་ནི་གུང་ཁྲན་དང་བོད་མི་ཙམ་ཡིན་ཤས་ཆེ། རྒྱལ་སྤྱི་ཅན་དུ་འགྱུར་བཞིན་པའི་དུས་སྐབས་སུ་སྐད་ཡིག་ཀྱང་དབྱིན་སྐད་ཅན་དུ་འགྱུར་བཞིན་པའི་དུས་ཚོད་ཅིག་ལ་ད་རུང་སྐད་ཡིག་ཉམས་ན་མི་རིགས་ཉམས་ཟེར་བའི་སྐད་ཆ་རྙིང་པ་དེ་བཤད་མ་སྡོད་རོགས། གལ་སྲིད་དེང་སྐབས་དབྱིན་སྐད་མ་སྐད་ཚུལ་དུ་སྤྱོད་བཞིན་པའི་རྒྱལ་ཁབ་དང་མི་རིགས་དེ་དག་ཉམས་ཆག་ཇི་ཙམ་སོང་ཡོད་པའི་གནས་ཚུལ་འདི་ཡིན་ཟེར་བ་ཞིག་སྟོན་དང་ངས་ཕྱག་ཐལ་མོ་སྦྱར་ཆོག
གལ་སྲིད་ཁྱེད་ཅག་བོད་ཀྱི་སྐད་ཡིག་ལ་དེ་ཙམ་དགའ་མདོག་ཡོད་ཚེ། ནང་བསྟན་ལ་སློབ་སྦྱོང་བྱེད་དགོས། བོད་ཀྱི་སྐད་ཡིག་ནང་དུ་བསམ་རིན་ཡོད་པ་ཞིག་ནི་ནང་བསྟན་འདི་ཉིད་ཡིན། འདི་ཉིད་ལ་དོ་སྣང་ཙམ་ཡང་མ་བྱས་པར་ད་དུང་བོད་ཀྱི་སྐད་ཡིག་དེ་ཞེ་པོ་ཞིག་རེད་མདོག་མདོག་བཤད་ན་རྫུན་རྫུན་ནག་རེད།
ངས་དེ་སྔ་ནས་བཤད་མྱོང་། ནང་བསྟན་མི་དགོས་མཁན་དག་ལ་ནི་བོད་ཀྱི་སྐད་ཡིག་དེ་ཨུ་ཚུགས་ཀྱིས་འཇུ་དགོས་དོན་གང་ཡང་མེད། སྦྱོང་ཁག་ལ་ཤེས་དཀའ་བའི་སྐད་རིགས་སུ་ཚུད་པའི་སྐད་ཡིག་དེས་རང་ཉིད་ཀྱི་འཚོ་གནས་ལ་ཕན་ནུས་ཙམ་ཐོན་ན་ཨུ་ཚུགས་རེ་བྱེད་ནའང་རྒྱུ་མཚན་ལྡན་ཡོད། རང་ཉིད་ཀྱི་སྐད་ཡིག་དོ་ཟེར་ནས་ཤི་འཇུ་རོ་འཇུ་ཙམ་གྱིས་ནི་ཅི་ཡང་མི་ཕན། ད་བར་སྐད་ཡིག་སྟོང་ཕྲག་ལྷག་ཅིག་རྩ་མེད་དུ་འགྲོ་ཟིན་ཞིང་ད་རུང་སྤྱི་ཚོགས་སུ་དགོས་མཁོ་སྐོང་མི་ཐུབ་པའི་སྐད་ཡིག་གང་མང་རྩ་སྟོང་འགྲོ་རྒྱུ་ཉག་ཅིག་རེད། སྐད་ཡིག་ཙམ་ལ་ནི་ཧང་སང་དོན་ཅི་ཡང་མེད་ལ་མི་སྟོང་ཚོ་ཁ་ཤས་ལས་མེད་པའི་མི་རིགས་རེ་འགས་ཀྱང་རང་གི་སྐད་ཡིག་དེ་སྤྱད་ནས་རང་གི་སྐད་ཡིག་ལས་ཡག་ཅིག་མེད་རབས་གླེང་ནས་ཉི་མ་ཕུད་དེ་སྡོད་ཡོད། ངེད་ཅག་བོད་ལའང་རྟའུ་དང་མི་ཉག་ཅོ་ནེ་དཔའ་རིས་སོགས་ཀྱི་ལོག་སྐད་དེ་ལྟ་བུ་ཡོད་པས་དེ་དག་ནི་ཧ་ཅང་རྩ་ཆེར་བརྩིས་ནས་སོར་གང་མི་གློད་པར་སྡོད་ནའང་དགོས་པ་ནི་དེ་ཙམ་རེད།
བོད་ཀྱི་སྐད་ཡིག་དེས་ཕན་བདེ་རླབས་ཆེན་སྐྲུན་ས་ནི་ནང་བསྟན་ཆོས་ལུགས་དེ་ཉིད་ཡིན་ལ། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཅི་ལའང་ལག་མི་འགོར་བར་བེད་སྤྱོད་ཆོག་ཆོག་ཅིག་བཟོས་ཡོད། ནང་ཆོས་སློབ་གཉེར་གྱིས་མི་ཚེ་རྫོགས་དགོས་པའི་གྲྭ་བཙུན་ཚོས་སྐད་ཡིག་བེད་སྤྱོད་བཏང་རྗེས་སྐད་ཡིག་གི་ཁྱབ་ཁོངས་ཇེ་ཆེར་སོང་ཡོད་ལ་ཆོས་ལུགས་ཐད་ནས་མིང་ཚིག་ཧ་ཅང་ཕྱུག་པོར་བཟོས་ཡོད། བོད་ཀྱི་སྐད་ཡིག་དང་གྲྭ་བཙུན་བར་ཕན་ཚུན་རམ་འདེགས་ཤུགས་ཆེན་བྱས་ལ་གཉིས་ཀའི་ནུས་སྟོབས་ཀྱང་ཇེ་ཆེར་སོང་ཡོད། འོན་ཀྱང་ནང་བསྟན་འདི་ཉིད་མེད་རླབས་སུ་སོང་ཚེ་བོད་ཀྱི་སྐད་དེ་ལའང་རིན་མཐོང་གང་མེད་པ་ནི་ཟམ་གདོང་རིན་པོ་ཆེས་ཆོས་ལུགས་དར་ན་མི་རིགས་ཉམས་ཀྱང་ཆོག་ཟེར་བ་ལས་ལེགས་པར་གོ་ཐུབ། ཁ་གསལ་པོ་བཤད་ན་བོད་ལ་ནང་བསྟན་འདི་ཉིད་མེད་ན་རྩ་ཆེན་གྱི་མི་རིགས་དང་རླབས་ཆེ་བའི་སྐད་ཡིག་ཟེར་བ་ཞིག་མེད་པས་ན་ཟམ་གདོང་རིན་པོའི་གསུང་བཤད་དེའང་གནད་ལ་ཁེལ་ཞིང་དོན་ལ་གནས་པ་ཞིག་ཆགས་ཡོད་པ་མཐོང་ཐུབ། དེ་ནི་ལོས་ཀྱང་ཡིན་ཏེ། རྩ་ཆེན་དང་རླབས་ཆེན་ཞེས་པའང་མི་རིགས་ཀྱི་དགོས་མཁོ་སྐོང་བར་ཕན་གྲོགས་རྒྱ་ཆེར་བྱེད་མིན་ལས། ཆེས་དཀོན་པ་དང་ཧ་ཅང་རྙིང་པ་ཞིག་ལ་རྩ་ཆེན་རྩི་རྒྱུ་ཅི་ཞིག་ཡོད། ལོ་ངོ་སྟོང་ཚོ་སྔོན་གྱི་རྡོ་ལོག་ཅིག་ལ་རྩ་ཆེན་ཡིན་རབས་བཤད་ནས་ཉར་ཚགས་བྱས་ན་དགེ་མཚན་ཞིག་ཡོད་དམ། དེར་དགེ་མཚན་ཡོད་ན་རྙིང་པ་ཡིན་རྒྱུ་ཙམ་རེད། འདི་དང་འདྲ་བར་བོད་སྐད་ཡིག་གིས་མི་རིགས་ཀྱི་དགོས་མཁོ་སྐོང་མ་ཐུབ་ཚེ་རང་གི་སྐད་ཡིག་ཡིན་ཟེར་ནས་དགའ་ཞེན་ཙམ་ལས་འདོར་མི་ཐུབ་པའི་གནས་སྟངས་གང་ཡང་མེད།
2017/05/04
དམག་འཁྲུག་ལ་དགའ་བའི་བོད་མིའི་འདུ་ཤེས།
ད་ཆར་ཨ་རི་དང་བྱང་ཀོ་རི་ཡའི་བར་དམག་འཁྲུག་ལང་ཉེན་ཆེ་བའི་མཚམས་སུ་སླེབས་ཡོད་ཅིང་། ཉི་མ་རེ་རེ་བཞིན་ཆེས་ཛ་དྲག་གི་ཕྱོགས་སུ་གོམ་པ་རེ་རེ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད། གནས་ཚུལ་འདིས་འཛམ་གླིང་ཧྲིལ་པོ་འཇིགས་སྐྲག་དང་སེམས་འཚབ་ཆེན་པོ་ཞིག་སློང་བཞིན་ཡོད་ཅིང་ཆབ་སྲིད་ཐད་ནས་གླེང་ན་ལྟ་ཚུལ་མི་འདྲ་བ་གཉིས་ཀྱི་འོག་ནས་ཐེངས་འདིའི་དམག་འཁྲུག་ལ་སེམས་འཚབ་ཡོད་པ་མཐོང་རྒྱུ་ཡོད། རྒྱ་ནག་དང་ར་ཤི་ཡ་ལྟ་བུའི་སེམས་འཚབ་དེ་ནི་ཨ་རི་ལ་སྡང་སེམས་ཞིག་གི་འོག་ནས་འབྱུང་བཞིན་ཡོད་ཅིང་གལ་ཏེ་ཨ་བྱང་བར་དམག་འཁྲུག་དངོས་སུ་བྱུང་ཚེ་སྔ་ཕྱི་ཙམ་ལས་བྱང་ཀོ་རི་ཡ་ཕམ་ཉེས་ཙམ་མ་ཟད་ཨ་མི་རི་ཀས་རྒྱལ་ཁབ་འདིའི་ནང་དུ་རྐང་པ་བརྟན་པོ་ཞིག་བཙུགས་ཏེ་ཨེ་ཤ་ཡི་འཐབ་ར་གལ་ཆེན་ཞིག་ཨ་མི་རི་ཀི་ལག་ཏུ་འཚུད་རྒྱུ་ཡིན་པ་ནི་གསལ་པོ་མཐོང་གི་ཡོད། རྒྱ་ནག་དང་ར་ཤི་ཡ་གཉིས་ལ་དོགས་ཟོན་གྱི་འཐབ་ར་སྐྲུན་དགོས་ན་རྒྱ་ཁབ་འདི་ནི་རྒྱ་ནག་དང་ར་ཤི་ཡ་གཉིས་དང་ས་འབྲེལ་ཡིན་པ་སོགས་ཀྱིས་ལྷོ་ཀོ་རི་ཡ་ལས་ཀྱང་བཟང་བ་ཡོད། ཕྱོགས་གཞན་ཞིག་ནས་རྡུལ་མཚོན་གྱི་དམག་འཁྲུག་ལང་ན་ས་འབྲེལ་དུ་ཡོད་པའི་རྒྱ་ཁབ་གཉིས་ཀྱི་མངའ་སྡེ་ཁག་ལའང་རྫས་ངན་ཁྱབ་པའི་འཇིགས་སྣང་དང་དཀའ་ངལ་ཞིག་ཡོང་རྒྱུ་ནི་གཏན་ཁེལ་ལྟ་བུ་ཡིན། འོན་ཀྱང་བྱང་ཀོ་རི་ཡ་དང་ས་ཐག་གིས་ཆོད་ཅིང་། དཔལ་འབྱོར་གྱི་འབྲེལ་ལམ་དེ་ཙམ་མེད་པའི་ཨེ་ཤ་ཡ་ཁུལ་དང་ཡུ་རོབ་ས་ཁུལ། ལྷོ་བྱང་ཨ་མི་རི་ཀ་སོགས་ཀྱིས་སེམས་འཚབ་བྱེད་སྟངས་དེ་ནི་ཐད་ཀར་རང་ཉིད་ལ་ཉེན་ཁའི་རང་བཞིན་དེ་ཙམ་མཐོང་གི་མེད་ནའང་གོ་ལ་གཅིག་རྟེན་གྱི་དཔལ་འབྱོར་ཐད་ནས་རྒྱ་ནང་གི་དཔལ་འབྱོར་ཉམས་ཉེས་དང་ཚོང་འབྲེལ་ལ་དོ་ཕོག་ཅིག་ཡོང་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད། དེ་ལས་ཀྱང་སེམས་འཚབ་དགོས་པ་དེ་ནི་ཉེས་མེད་མི་དམངས་ཤི་རྨས་དང་དཀའ་སྡུག་བསམ་མི་ཕོད་པ་ཞིག་ཡོད་འབྱུང་ཉེན་ཆེ་ཞིང་ཕྱི་ལོ1950ལོའི་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་གི་ནང་དུ་མི་སེར་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། ཐེངས་འདིར་རྡུལ་མཚོན་གྱི་གཏོར་རྒོལ་བྱས་ཚེ་དེས་ཚེ་སྲོག་སྔ་ལྷག་འཕྲོག་རྒྱུ་མ་ཟད། ལོ་རབས་མང་པོར་དཀའ་ངལ་བཟོ་རྒྱུ་ནི་ངེས་བརྟན་ལྟ་བུ་ཆགས་ཡོད། དམངས་གཙོའི་དཔལ་ཡོན་དར་བའི་རྒྱལ་ཁབ་འདི་ཚོས་བྱང་ཀོ་རི་ཡའི་མི་མང་ལ་དམག་འཁྲུག་གི་བཟོད་དཀའ་བའི་སྡུག་བསྔལ་སྐྲུན་རྒྱུར་སེམས་འཚབ་བྱས་པ་ནི་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་འགན་ཁུར་དང་བསམ་པའི་དཔལ་ཡོན་གྱིས་ཕྱུག་པ་མཚོན་ཐུབ་པས་ཡིད་སྨོན་སྐྱེ་དགོས་པ་ཞིག་ལོས་ཡིན།
ངེད་ཅག་བོད་མི་རྣམས་ལ་ནི་རྡུལ་མཚོན་གྱི་དམག་འཁྲུགས་འོག་གི་དཀའ་སྡུག་མྱོང་མེད་ནའང་དམག་འཁྲུག་གི་འཇིག་པ་དང་བཙན་འཛུལ་གྱི་དཀའ་ངལ་ཆེས་ཆེར་འཕྲད་དེ་མི་ལོ་དྲུག་ཅུ་སོང་ཟིན་ནའང་ད་དུང་ཡང་གཞིས་བྱེས་གཉིས་སུ་གྱེར་ཞིང་རང་ས་ན་དབང་སྒྱུར་བས་དངོས་ཤུགས་བརྒྱུད་གསུམ་ནས་བཙན་མནོན་དང་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱིས་ལས་དོན་སྤེལ་བཞིན་ཡོད་པས་དམག་འཁྲུག་གིའཇིག་པ་ལ་སེམས་འཚབ་དང་དཀའ་སྡུག་ངེས་ཟིན་དགོས་ངེས་ཤིག་ཆགས་ཡོད། དེ་ལྟར་ནའང་ཨ་བྱང་དམག་འཁྲུག་གི་གསར་འགྱུར་ལ་བལྟས་ཏེ་གཡུལ་འཁྲུག་ཤིག་ལང་ན་བསམ་པའི་འདུ་ཤེས་ཡོད་པ་མང་པོ་མཐོང་རྒྱུ་འདུག་ཅིང་། མི་མང་ས་ཡ་དུ་མའི་ཤི་རྐྱེན་ལའང་སེམས་འཚབ་མེད་པ་ལྟ་བུའི་ཀུན་སྤྱོད་འདི་མ་གྱུར་སེམས་ཅན་ཐམས་ཅད་ཅེས་མ་ཎི་བཞིན་འདོན་བཞིན་པའི་མི་རིགས་ཤིག་གི་ཀུན་སྤྱོད་དང་གཏན་ནས་མི་མཐུན་པ་ཨ་ཅང་ཅང་། ནང་བསམ་བློ་ལས་ཕྱིའི་དཔལ་འབྱོར་ལ་དང་དོད་ཆེ་བའི་ནུབ་ཕྱོགས་པའི་བསམ་བློའི་ཆུ་ཚད་ལའང་དོ་དཀའ་བའི་ངེད་ཅག་གི་བསམ་བློ་དེ་ཡང་སྙིང་བྱམས་བརྩེ་ཆེ་བའི་མི་རིགས་དང་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་མིན་དྲི་ཚིག་ཅིག་གི་ངོ་བོར་ལྷག་འདུག
ཕྱོགས་གཞན་ཞིག་ནས་བལྟས་ན། ངེད་ཅག་གི་འཚེ་མེད་ཞུ་བའི་འཐབ་རྩོད་ཀྱང་༸གོང་ས་མཆོག་ལ་སྤྲེལ་ལད་ཙམ་ལས་སེམས་ཀྱི་གཏིང་ན་འཚེ་བ་མེད་པའི་དགེ་མཚན་དང་དམག་འཁྲུག་ལ་ཡིད་སུན་པའི་བློ་རྣལ་མ་ཞིག་ཡོད་ཚོད་མི་འདུག་སྙམ་པ་ཞིག་དྲན་སོང་ཞིང་། འཚེ་བ་སྐྱོན་དུ་ལྟ་བའི་ནང་བསྟན་དེས་བོད་ཡུལ་དུ་ས་ཁྱབ་རྡོ་ཁྱབ་ཡིན་རུང་བོད་མིའི་བློ་ངོ་ན་ནི་ནང་བསྟན་དང་ལྡོག་ཕྱོགས་སུ་སོང་བའི་འདུ་ཤེས་དེ་འདྲ་ཞིག་ཡོད་འདུག གཅིག་བྱེད་ན་དམག་འཁྲུག་ལ་དགའ་བའི་འདུ་ཤེས་དེ་ཤ་ཀྱཱའི་ནང་བསྟན་དང་རྒྱབ་འགལ་དུ་སོང་རུང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་སླར་གསོ་བྱེད་ཐུབ་པའི་རྒྱུ་རྐྱེན་ལེགས་པོ་ཞིག་ཡིན་ཤས་ཆེ་ལ། "མེ་མདའི་ཁ་ནས་སྲིད་དབང་འཐོབ་"པའི་འཐབ་ཇུས་དང་ཧ་ཅང་འཚམ་པོ་པའང་ཡོད་སྲིད།
འཕེལ་འགྱུར་རིག་པའི་རྣམ་བཞག་ལྟར་ན་རང་ཉིད་རང་སྲུང་ནི་རང་ཉིད་འཚོ་ཐབས་དང་གཞན་ལ་འགོག་རྒོལ་བྱེད་པ་ནི་འཚོ་གནས་རྒྱ་སྐྱེད་གཏོང་བའི་སྲོག་ལྡན་ཞིག་གི་གཞི་རྩའི་ཆ་རྐྱེན་ཡིན་པར་བཤད་བཞིན་ཡོད་ལ རང་སྲུང་དང་འགོག་རྒོལ་མེད་ན་སྲོག་ལྡན་མེ་ཏོག་དང་། རྩི་ཤིང་ལྟ་བུ་ཡང་ཡུན་རིང་འཚོ་གནས་མི་ཐུབ་པར་མེ་ཏོག་རྙིད་བ་དང་རྩི་ཤིང་སྐམ་རྒྱུ་ནི་ཆོས་ཉིད་དུ་གྲུབ་ཡོད་པར་བཤད་པས། རང་ཅག་གི་འདུ་ཤེས་དེའང་འཕེལ་འགྱུར་རིག་པའི་རྣམ་བཞག་དང་མཐུན་པོ་བྱུང་ཡོད། འོན་ཀྱང་འཕེལ་འགྱུར་ཚན་རིག་དང་རོ་རྒྱབ་གཏད་པའི་ནང་བསྟན་ཤེས་རིག་ལ་སྐྱབས་སུ་སོང་བའི་ངེད་ཅག་བོད་མི་ཚོའི་ནང་བསམ་བློ་ནི་ནང་བསྟན་ལས་འཕེལ་འགྱུར་ཚན་རིག་དང་མཐུན་ཚབས་ཆེ་བ་ཞིག་ཆགས་འདུག་པ་འདི་ཡག་རྟགས་ཡིན་དང་སྡུག་རྟགས་ཡིན་གསལ་པོར་མི་ཤེས་པ་འདུག
Subscribe to:
Posts (Atom)
ཡིག་གཟུགས་གསར་པ་གསུམ་ཕབ་ལེན།
བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...

-
འབྲི་མཁན། ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་ག...
-
ཕྲ་འབུ་གཅིག་གིས་རང་ལུས་འབྱུང་གཞི་འཁྲུགས།། མ་བརྟག་བློ་ལ་བརྟན་པའི་ལུས་འདི་ཡང་།། ཞིབ་ཏུ་བསམ་ན་རྩྭ་རྩེའི་ཟིལ་པ་ལྟར།། རྟག་བརྟན་མེད་པར་ངེས...
-
སྙིང་ནས་དད་པའི་མེ་ཏོག་འཛུམ་པ་ཡིས།། དགའ་གུས་དད་གསུམ་ལོ་འདབ་ཡོངས་སུ་གྲོལ།། མགོ་བོའི་ཕྱག་གིས་ཞབས་རྡུལ་གཙུག་ན་བླངས།། མགོན་ཁྱོད་མི་ནུབ་བསྐ...